བདེ་ཆེན་ཁུལ་གྱི་རྒྱུགས་འབུལ་སློབ་མ་2369མཐོ་རིམ་སློབ་ཞུགས་ཀྱི་རྒྱུགས་ལེན་དུ་ཞུགས་རྒྱུ་ཡིན་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-05-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། བདེ་ཆེན་ཁུལ་སློབ་བསྡུའི་རྒྱུགས་ལེན་ཨུ་ལྷན་གཞུང་ལས་ཁང་ནས་ཤེས་གསལ་བྱུང་དོན།ད་ལོར་བདེ་ཆེན་ཁུལ་གྱི་མཐོ་རིམ་སློབ་བསྡུའི་རྒྱུགས་ལེན་དུ་ཞུགས་རྒྱུའི་མཐོ་རིམ་སློབ་འབྲིང་གི་སློབ་མ་2369ཡོད་དེ།ན་ནིང་ལས་སློབ་མ་1མང་བ་རེད།

      ད་ལོའི་རྒྱུགས་འབུལ་སློབ་མའི་ནང་།རིག་གནས་ལོ་རྒྱུས་རིགས་ཀྱི་རྒྱུགས་འབུལ་སློབ་མ་1387(སྒྱུ་རྩལ་རིགས་ཀྱི་རྒྱུགས་འབུལ་སློབ་མ་31དང་ལུས་རྩལ་རིགས་ཀྱི་རྒྱུགས་འབུལ་སློབ་མ་77གཏོགས་པ)ཡོད་པ་དང་།རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་རིགས་ཀྱི་རྒྱུགས་འབུལ་སློབ་མ་927(སྒྱུ་རྩལ་རིགས་ཀྱི་རྒྱུགས་འབུལ་སློབ་མ་6དང་ལུས་རྩལ་རིགས་ཀྱི་རྒྱུགས་འབུལ་སློབ་མ་26གཏོགས་པ)ཡོད།ལག་རྩལ་བཟོ་པའི་སློབ་གྲྭ་དང་འབྲིང་རིམ་ཆེད་ལས་སློབ་གྲྭལས་རིགས་མཐོ་རིམ་སློབ་འབྲིང་བཅས་ཀྱི་རྒྱུགས་འབུལ་སློབ་མའི་མིང་ཐོ་འགོད་གྲངས་55ཡོད་དེ།ན་ནིང་ལས་རྒྱུགས་འབུལ་སློབ་མ་18འཕར་ཡོད།གྲངས་ཉུང་མི་རིགས་ཀྱི་རྒྱུགས་འབུལ་སློབ་མ་2187ཡོད་དེ།མིང་ཐོ་འགོད་གྲངས་ཀྱི་94.51%ཟིན་ཡོད།ཞིང་གྲོང་གི་རྒྱུགས་འབུལ་སློབ་མ་1902ཡོད་དེ།མིང་ཐོ་འགོད་གྲངས་82.2%ཟིན་པ།      མཐོ་རིམ་སློབ་ཞུགས་རྒྱུགས་ལེན་ལ་རྒྱུགས་ལེན་སློབ་ཁང་80བཀོད་སྒྲིག་བྱས་ཡོད་པ་དང་།རྒྱུགས་གནས་དང་རྒྱུགས་ར་ཀུན་ཚད་ལྡན་ཅན་དུ་བཙུགས་ཡོད།

      མིག་སྔར།བདེ་ཆེན་ཁུལ་འབྲེལ་ཡོད་སྡེ་ཁག་གིས་གྲ་སྒྲིག་གང་ལེགས་བྱས་པ་དང་།རྒྱུགས་ལེན་ཁོར་ཡུག་ལེགས་སུ་བཏང་ནས།སེམས་མཐུན་ཤུགས་སྒྲིལ་གྱིས་ད་ལོའི་མཐོ་རིམ་སློབ་ཞུགས་རྒྱུགས་ལེན་བདེ་བླག་ངང་བྱེད་ཐུབ་པར་ཁག་ཐེག་བྱས་པ་རེད།