དངོས་མང་བཤམས་སྟོན་གྱི་གནའ་གཏམ་བཤད་པ།

རྩོམ་པ་པོ།   པདྨ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2017-05-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 


 


བཞུགས་མོལ་ཚོགས་འདུའི་ཡུལ་དངོས།

 

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་5པའི་ཚེས་18ཉིན་ནི་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཁང་གི་བྱེད་སྒོའི་ཉིན་མོ་ཡིན།བདེ་ཆེན་ཁུལ་གྱིས་ཉིན་དེར་ཐེངས་41པའི་དངོས་མང་བཤམས་སྟོན་ཁང་གི་བྱེད་སྒོའི་ཉིན་མོའི་བཞུགས་མོལ་ཚོགས་འདུ་འཚོགས་པ།གཞུང་གཉེར་དངོས་མང་བཤམས་སྟོན་ཁང་དང་སྒེར་གཉེར་དངོས་མང་བཤམས་སྟོན་ཁང་གི་འགན་འཁུར་བ་དང་།འབྲེལ་ཡོད་ཆེད་ལས་མཁས་པ་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ནས།དངོས་མང་བཤམས་སྟོན་ཁང་གི་ལས་དོན་ལ་བསམ་འཆར་དང་གྲོས་གཞི་བཏོན་པ།

        བདེ་ཆེན་ཁུལ་དངོས་མང་བཤམས་སྟོན་ཁང་གི་ཀོན་ཀྲང་ཧོ་ཀུའེ་ཧྭ་ཡིས་ད་ལོའི་དངོས་མང་བཤམས་སྟོན་ཁང་གི་བྱེད་སྒོའི་ཉིན་མོའི་བརྗོད་བྱ་གཙོ་བོ་ནི་དངོས་མང་བཤམས་སྟོན་ཁང་དང་རྩོད་གླེང་ཡོད་པའི་ལོ་རྒྱུས་དང་།དངོས་མང་བཤམས་སྟོན་ཁང་གི་བརྗོད་ཀྱིས་མི་ལང་བའི་ལོ་རྒྱུས་ཞེས་པ་དེ་རེད་ཅེས་བཤད།ཁོང་གིས་ད་དུང་བཞུགས་མོལ་ཚོགས་འདུར་ཞུགས་པའི་འགན་འཁུར་བ་དང་ཆེད་ལས་མཁས་པ་ཚང་མས་བརྗོད་བྱ་གཙོ་བོར་དམིགས་ནས་གསུང་བཤད་ནན་ཏན་གནང་རྒྱུའི་རེ་བ་བཏོན་པ།

        བདེ་ཆེན་ཁུལ་དངོས་མང་བཤམས་སྟོན་ཁང་གི་ཀོན་ཀྲང་གཞོན་པ་ཁྲེན་ཧྲུའུ་ཀྲེན་གྱིས་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཁང་གི་བྱེད་སྒོའི་ཉིན་མོའི་འབྱུང་ཁུངས་དང་དངོས་མང་བཤསམ་སྟོན་ཁང་གི་བྱེད་སྒོའི་ཉིན་མོའི་གལ་ཆེའི་རང་བཞིན་དང་དགོས་ངེས་ཀྱི་རང་བཞིན་བཤད་དེ།བཞུགས་མོལ་ཚོགས་འདུར་ཞུགས་མི་ཚང་མས་དངོས་མང་བཤམས་སྟོན་ཁང་གི་ལས་དོན་ལ་མཐོང་ཆེན་གནང་བ་རེད།

      སེམས་ཀྱི་ཉི་ཟླའི་ཇ་རྟ་འདྲེན་ལམ་དངོས་མང་བཤམས་སྟོན་ཁང་གི་འགན་འཁུར་བ་ཧོ་ཆང་གིས་ཁོང་རང་ཁྱིམ་རྒྱུད་ཀྱི་མི་རབས་ལྔའི་དྲེལ་པའི་འཚོ་བ་བཤད་པ་དང་།དམིགས་བསལ་དུ་རྒྱལ་གཅེས་ཕྱིར་སྡོད་སྤུན་ཟླའི་འགོ་ཁྲིད་མྰ་ཀྲུའུ་ཚའེ་ཡི་གཏམ་རྒྱུད་དང་ཁོང་རང་གིས་སེམས་ཀྱི་ཉི་ཟླའི་ཇ་རྟ་འདྲེན་ལམ་དངོས་མང་བཤམས་སྟོན་ཁང་འཛུགས་པའི་རེ་འདུན་དང་དོན་རྙིང་བཤད་པ་རེད།

       སེམས་ཀྱི་ཉི་ཟླའི་བོད་གྲིའི་རིག་གནས་བཤམས་སྟོན་ཁང་གི་འགན་འཁུར་བ་ཁྲེན་ཅན་ཧྲེང་གིས་ལོ་ཆུང་ངུ་ནས་བཟུང་བོད་གྲིའི་རིག་གནས་ཀྱིས་ཤུགས་རྐྱེན་ཐེབས་པས།ཐོག་མར་བོད་གྲི་ཚོང་རྒྱག་པ་དང་རྒྱལ་ཡོངས་བོད་ཁུལ་ཀུན་ཏུ་བོད་གྲིའི་རིག་གནས་རྒྱུས་ལོན་བྱུང་བར་ཕྱིན་ཡོད།རྗེས་སུ་རང་ཉིད་ཀྱིས་བོད་གྲིའི་རིག་གནས་ཀྱི་དངོས་མང་བཤམས་སྟོན་ཁང་ཞིག་བཙུགས་ནས།བོད་གྲིའི་རིག་གནས་འགྲིམ་སྟོན་བྱེད་པ་ལས་གཞན།བོད་གྲིའི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཡོད་ཅེས་བཤད་པ།

      ཤམ་བྷ་ལ་བོད་ཀྱི་རིག་གནས་དངོས་མང་བཤམས་སྟོན་ལྟེ་གནས་ཀྱི་འགན་འཁུར་བས་རིག་གནས་བཤམས་སྟོན་ལྟེ་གནས་ཀྱི་ད་ལྟའི་གྲུབ་འབྲས་ཡོད་པ་ནི་སྤྱི་ཚོགས་ལས་རིགས་ཁག་གིས་ཐུགས་ཁུར་དང་རོགས་སྐྱོར་གནང་བའི་རྐྱེན་ཡིན།ད་ཕྱིན་དུ་ཚང་མས་སྔ་མ་ནང་བཞིན་རོགས་སྐྱོར་གནང་རོགས་ཞུས་པ་རེད།

        སེམས་ཀྱི་ཉི་ཟླ་ཡ་ལ་སོ་རྟ་ཐོག་རིག་གནས་བཤམས་སྟོན་ཁང་གི་ཨ་མོས་རྟ་ནི་བོད་རིགས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲལ་མི་ཐུབ་པའི་ཕྱུགས་ཟོག་རྩ་ཆེན་ཞིན་ཡིན་པ་དང་།རྟ་ཐོག་རིག་གནས་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཀྱང་ཡིན།དེར་བརྟེན་རྟ་ཐོག་རིག་གནས་ཀྱི་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་དམིགས་ཡུལ་ནི་སེམས་ཀྱི་ཉི་ཟླའི་རྟ་ཐོག་རིག་གནས་དར་སྤེལ་གཏོང་རྒྱུ་དེ་ཡིན་ཞེས་བཤད་པ།

        བདེ་ཆེན་ཁུལ་དངོས་མིན་རིག་གནས་ཤུལ་རྫས་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲའོ་ཅུན་གྱིས་ཁོ་ཚོ་དང་དངོས་མང་རིག་གནས་བཤམས་སྟོན་ཁང་གིས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ།

        བདེ་ཆེན་ཁུལ་རིག་གནས་ལུས་རྩལ་རླུང་འཕྲིན་གློག་བརྙན་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཕུའུ་ཞང་ཧུང་གིས་སྔར་ལས་ལྷག་པར་དངོས་མང་བཤམས་སྟོན་ཁང་གི་ལས་ཀར་ཤུགས་སྣོན་བརྒྱབ་ནས་དངོས་མང་བཤམས་སྟོན་ཁང་གི་ལས་དོན་དེ་བས་ལེགས་སུ་གཏོང་རྒྱུ་ཡིན་ཞེས་བཤད་པ།

        བཞུགས་མོལ་ཚོགས་འདུ་ནི་བདེ་ཆེན་ཁུལ་རིག་རྫས་དོ་དམ་སུའོ་ཡི་སུའོ་ཀྲང་ཧོ་ཏུང་མེ་ཡིས་གཙོ་སྐྱོང་གནང་བ་རེད།

        བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དངོས་མང་བཤམས་སྟོན་ཁང་ནི་1997ལོའི་ཟླ་9པར་འཛུགས་པ།2009ལོའི་ལོ་འགོར་རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་དངོས་མང་བཤམས་སྟོན་ཁང་ཡིན་པའི་དཔྱད་བསྡུར་་གཏན་འབེབས་བྱས་པ་རེད།དེའི་ནང་དངོས་རྫས་དང་དངོས་མིན་རིག་གནས་ཤུལ་རྫས་འགྲེམ་སྟོན་བྱེད་ཡོད།