རྩོམ་པ་པོ།   གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2017-05-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཟླ་5པའི་ཚེས་12ཉིན།བདེ་ཆེན་ཁུལ་གྱིས་དུས་ཡུན་ཉིན་4ཡི་འཐབ་ཕྱོགས་གཅིག་གྱུར་མ་ལག་གི་ལས་བྱེད་པའི་གསོ་སྦྱོང་སྤེལ་བ།
གསོ་སྦྱོང་གིས་ཡུན་ནན་ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཡུན་ནན་ཞིང་ཨུའི་ཏང་གི་སློབ་གྲྭ།བདེ་ཆེན་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ།བདེ་ཆེན་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ལྟ་ཞིབ་ཅུས་བཅས་ནས་ཆེད་ལས་མཁས་པ་གདན་འདྲེན་ཞུས་ནས་སློབ་ཁྲིད་གནང་བ་རེད།
ཁུལ་ཨུའི་རྒྱུན་ཨུ།ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མིའོ་ཡིའུ་ཧྥ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གནང་བ།ཁོང་གིས་གསོ་སྦྱོང་དུ་ཞུགས་པའི་སློབ་མ་ཡོངས་ཀྱིས་སློབ་སྦྱོང་ནན་ཏན་བྱས་ནས།ཡུན་ནན་ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་ཡག་པོ་བྱེད་དགོས་པ་དང་།རྒྱུན་མཐུད་ཀྱིས་ཆབ་སྲིད་བསམ་བློའི་བྱང་ཚད་མཐོ་རུ་བཏང་བ་དང་ལས་སྒྲུབ་ནུས་ཤུགས་མཐོ་རུ་བཏང་ནས།སྟོབས་ལྡན་གྱིས་དུས་སྐབས་གསར་པའི་གཞི་རིམ་འཐབ་ཕྱོགས་གཅིག་གྱུར་ལས་ཀའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།གཞི་རིམ་འཐབ་ཕྱོགས་གཅིག་གྱུར་ལས་ཀའི་མངའ་ཁོངས་སུ་ཡོད་པའི་གནད་དོན་ཐག་གཅོད་བྱས་ནས།ལས་ཡུལ་དངོས་སུ་གཞི་རིམ་འཐབ་ཕྱོགས་གཅིག་འགྱུར་གྱི་སྟོབས་ཤུགས་དང་ནུས་པ་མངོན་དགོས་པའི་བླང་བྱ་བཏོན་པ།
ཁུལ་ཡོངས་ཀྱི་ལས་ཁུངས་དང་རྫོང་(གྲོང་ཁྱེར)།ཤང་(གྲོང་རྡལ)།སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་ཁེ་ལས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལ་ལས་བགོས་འགན་གཉེར་བྱེད་པའི་འགོ་ཁྲིད།འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པ་100ལྷག་གསོ་སྦྱོང་དུ་ཞུགས་ཡོད།