མཉམ་སྤྱོད“རྐང་འཁོར་སེར་པོ”ལྷ་སར་སྤྱོད་འགོ་ཚུགས་པ།

རྩོམ་པ་པོ།   མི་དམངས་དྲ་བ།  ཡིག་བསྒྱུར།       དུས་ཚོད།   2017-05-10   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།

      

        མིག་སྔར་མཉམ་སྤྱོད་རྐང་འཁོར་རྒྱལ་ཡོངས་སུ་དར་བཟོ་ཆེན་པོར་གྱུར་པ་དང་སྦྲགས་གངས་ལྗོངས་ས་མཐོར་ཡང་དར་བཟོ་དེའི་རྗེས་ལ་འབྲང་མཁན་ཧ་ཅང་མང་པོ་བྱུང་། བོད་དུ་གཞིས་རྩེ་གྲོང་ཁྱེར་རྗེས་ལྷ་ས་གྲོང་ཁྱེར་གྱིས་ཀྱང“མཉམ་སྤྱོད”རྐང་འཁོར་བཀོད་སྒྲིག་བྱས་པས“རྐང་འཁོར་སེར་པོ”ཡོད་པའི་བོད་ཀྱི་གྲོང་ཁྱེར་གཉིས་པར་གྱུར།

        ཚེས་3ཉིན། ofoམཉམ་སྤྱོད་རྐང་འཁོར་ལྷ་སར་བཀོད་སྒྲིག་བྱས་པའི་ཁྱབ་བསྒྲགས་བྱས་ཤིང་། ལྷ་ས་ནི་ཁེ་ལས་དེས་གོ་ལ་ཧྲིལ་པོར་རྐང་འཁོར་བཀོད་སྒྲིག་བྱས་པའི་གྲོང་ཁྱེར་ཨང་100ལ་གྱུར་ཡོད།
        ofoམཉམ་སྤྱོད་རྐང་འཁོར་བོད་ཁུལ་གྱི་ཅིང་ལི་ལུའེ་ཧྲོང་གིས་ofoལྷ་སར་བཏོན་རྗེས་ཐོག་མའི་དུས་མཚམས་སུ་གྲོང་ཁྱེར་ནང་ཁུལ་དུ་རྐང་འཁོར་2000བཀོད་སྒྲིག་བྱ་རྩིས་ཡོད་ལ། ཕོ་བྲང་པོ་ཏ་ལ་ལྟེ་བར་བྱས་ཏེ་རིམ་བཞིན་གྲོང་ཁྱེར་ཡོངས་སུ་རྒྱ་བསྐྱེད་བྱ་རྒྱུ་ཡིན། སྔོན་དཔག་བྱས་ན། འདི་ལོ་ཚུན་དུ་རྐང་འཁོར་10000ཙམ་མང་དུ་འགྲོ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
        “རྐང་འཁོར་སེར་པོ”ལྷ་སར་བཀོད་སྒྲིག་བྱས་པར་ལྷ་སའི་ན་གཞོན་སྤེན་པ་ནོར་བུ་ཧ་ཅང་དགའ་པོ་བྱུང་ཞིང་། ཁོང་གིས་པེ་ཅིང་དུ་མཉམ་སྤྱོད་རྐང་འཁོར་བཞོན་མྱོང་ཡོད་པས་རྒྱུས་མངའ་ཆེན་པོ་ཡོད། ཁོང་གིས“པེ་ཅིང་ལ་རྐང་འཁོར་དེ་འདྲ་བཞོན་པ་ལྟ་བུའི་སྟབས་བདེ་ཡོད་ན། ངས་བེད་སྤྱོད་བྱེད་ངེས་གཏན་ཡིན”ཞེས་བཤད།
        ལྷ་སར་ཡུལ་སྐོར་ལ་ཡོང་བའི་སི་ཁྲོན་གྱི་བུ་མོ་ཐང་ལིང་གིས་མཉམ་སྤྱོད་རྐང་འཁོར་བཞོན་གྱི་ཡིན། ལྷ་སའི་གྲོང་ཁྱེར་ནང་ཁུལ་དུ་ཡུལ་སྐོར་མཛེས་ལྗོངས་མང་པོ་ཡོད་པས། ལམ་ཁ་རྒྱུས་མངའ་རགས་ཙམ་ལོན་རྗེས“རྐང་འཁོར་སེར་པོ”བཞོན་ནས་གང་སར་བསྐྱོད་ན་ཧ་ཅང་སྐྱིད་པོ་ཡོང་ངེས་རེད་ཅེས་བཤད།
        གཞིས་རྩེར་མཉམ་སྤྱོད་རྐང་འཁོར་བཞོན་ནས་བསྐྱོད་རྒྱུར་ཡུལ་དེའི་མང་ཚོགས་ཀྱིས་དགའ་པོ་བྱེད་ཀྱི་ཡོད། མིག་སྔར་གཞིས་རྩེ་གྲོང་ཁྱེར་དུ“རྐང་འཁོར་སེར་པོ”500བཀོད་སྒྲིག་བྱས་ཡོད་པ་དང་འཆར་གཞི་ལྟར་ན། འདི་ལོ་ཚུན་དུ་་ནང་རྐང་འཁོར་2000ཙམ་བར་མང་དུ་འགྲོ་བཟོ་ཡོད་པ་དེ་ལས་གྲོང་མིས་མཉམ་སྤྱོད་རྐང་འཁོར་ལ་རྒྱུས་མངའ་ལོན་ཚད་དང་མཁོ་ཚད་ཟམ་མི་ཆད་པར་མང་དུ་འགྲོ་གི་ཡོད་པ་མངོན་ཐུབ།