ཀུན་སྤྱོད་ལ་བརྟེན་ནས་མིག་དཔེ་འཛུགས་པ་དང་ཀུན་སྤྱོད་དང་བཅའ་ཁྲིམས་མཉམ་བཟུང་གིས་ཁྲིམས་སྐྱོང་གི་ཤེས་ལྡན་མི་སྣ་གསོ་སྦྱོང་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་བརྩོན་སྐྱེད་སློབ་བརྩོན་དང་སྙིང་རུས་ཆེན་པོས་སྦྱོང་བརྡར་སྤྲས་ཏེ་གཞོན་ནུ་འཚར་ལོངས་ཡར་རྒྱས་ཡོང་རྒྱུར་སྐུལ་འདེད་

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-05-05   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།


ཟླ་5ཚེས་3ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་།འདི་ནི་ཞི་ཅིན་ཕིང་སློབ་མའི་བྱེད་སྒོ་ལྟེ་གནས་སུ་དམངས་ཁྲིམས་ཚོང་ཁྲིམས་དཔལ་འབྱོར་ཁྲིམས་རིག་སློབ་གླིང་གི་དངོས་གཞིའི་ཚན་ཁག་གི་ལོ་རིམ་གཉིས་པའི་འཛིན་གྲྭ་གཉིས་པའི་སྡེ་ཚོགས་ཀྲི་པུས་སྤེལ་བའིཐོག་མའི་བསམ་འདུན་མི་བརྗེད་པར་ཏང་གི་རྗེས་སུ་འབྲངསཞེས་པའི་བརྗོད་དོན་གཙོ་བོའི་སྡེ་ཚོགས་ཉིན་མོའི་བྱེད་སྒོར་ཞུགས་པའི་གནས་ཚུལ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་3ཉིན་གློག་འཕྲིན་འབྱོར་གསལ།ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ཉེའི་སྐབས་དང་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་བཙུགས་ནས་ལོ་65འཁོར་བའི་སྔ་ནུབ་ཀྱི་ཚེས་3ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དུ་ཕེབས་ནས་རྟོག་ཞིབ་གནང་ཞིང་།ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་གཞོན་ནུ་ཚོར་དུས་ཆེན་གྱི་འཚམས་འདྲི་གནང་བ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སློབ་གསོའི་ལས་དོན་པ་དང་།གཞོན་ནུའི་ལས་དོན་པ།ཁྲིམས་སྐྱོང་ལས་དོན་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ཞིང་།ཁོང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་ཡུན་རིང་དང་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་མཐའ་འཁྱོངས་དང་མར་ཁེ་སི་རིང་ལུགས་ཀྱི་ཁྲིམས་རིག་པའི་བསམ་བློ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་མཐའ་འཁྱོངས་བྱ་རྒྱུ་མཛུབ་ཁྲིད་དུ་བྱས་ཏེ་ཀུན་སྤྱོད་ལ་བརྟེན་ནས་མིག་དཔེ་འཛུགས་པ་དང་ཀུན་སྤྱོད་དང་བཅའ་ཁྲིམས་མཉམ་བཟུང་གིས་བྱང་ཚད་མཐོ་བའི་ཁྲིམས་སྐྱོང་གི་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྦྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོའི་འབྱུང་འགྱུར་གཞོན་ནུ་ཚོར་དབང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་འབྱུང་འགྱུར་ཡང་གཞོན་ནུ་ཚོར་དབང་ཡོད།གཞོན་ནུ་མི་རབས་ཀྱི་ཕུགས་བསམ་དད་སེམས་དང་།བསམ་པའི་ཉམས་འགྱུར།ཕྱོགས་བསྡུས་བྱང་ཚད་བཅས་ནི་རྒྱལ་ཁབ་གཅིག་གི་འཕེལ་རྒྱས་གསོན་ཤུགས་ཀྱི་མངོན་ཚུལ་གལ་ཆེན་ཡིན་ལ།རྒྱལ་ཁབ་གཅིག་གི་ལྟེ་བའི་འགྲན་རྩོད་ནུས་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཀྱང་ཡིན།དེང་སྐབས་ཀྲུང་གོའི་ཆེས་མངོན་གསལ་དོད་ཤོས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ནིལོ་བརྒྱ་གཉིསཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་དེ་རེད།དེང་སྐབས་གཞོན་ནུ་ཚོས་དུས་རབས་ཀྱི་བརྗོད་དོན་གཙོ་བོའི་བློ་སེམས་གཅིག་མཐུན་གྱི་ཕུགས་བསམ་དད་སེམས་འཛུགས་པ་དང་དུས་རབས་ཀྱིས་དཀྲིས་པའི་ལོ་རྒྱུས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར་ནས་བརྩོན་སྐྱེད་སློབ་བརྩོན་དང་སྙིང་རུས་ཆེན་པོས་སྦྱོང་བརྡར་སྤྲས་ཏེ་ཞུམ་མེད་ཀྱི་འབད་འཐབ་ཁྲོད་ལང་ཚོའི་འོད་ཟེར་འཕྲོ་བ་དང་སྐྱོན་བྲལ་ངང་འཚར་ལོངས་ཡར་རྒྱས་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

དཔྱིད་དཔལ་རབ་ཏུ་བཞད་པའི་དུས་ཚིགས་སུ་པེ་ཅིང་གྲོང་ཁྱེར་ཁྲང་ཕིང་ཆུས་སུ་གནས་པའི་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་སྒོ་རའི་ནང་ལྗོན་ཤིང་དག་ལོ་འདབ་རྒྱས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པས་ཁེངས་ནས་འདུགསྔ་དྲོའི་ཆུ་ཚོད་9དང་སྐར་མ་20ལ་སློབ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཧྲེ་ཡ་ཅུན་དང་སློབ་སྤྱི་ཧོང་ཅིན་གྱི་ཕེབས་རོགས་འོག་ཞི་ཅིན་ཕིང་དང་ཐོག་དབྱི་ཕུའུ་ཐོག་སོ་དང་པོའི་ཚོམས་ཆེན་དུ་ཕེབས་ནས་སློབ་གྲྭའི་ལོ་རྒྱུས་དང་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད།

འགྲེམས་སྟོན་ཁང་ནང་སྤྱི་ཁྱབ་ཧྲུའུ་ཅིས་བྱམས་བརྩེའི་ངང་ཀྲང་ཅིན་ཧྥན་དང་།ལན་ཤིས་ཧྲེང་།ལི་ཏེ་ཧྲུན།ཝང་ཝུའེ་གོཔན་ཅན་ལིན་སོགས་བསླབ་པ་རྒན་གྲས་ཀྱི་དགེ་རྒན་ཆེ་མོ་བར་མཇལ་འཕྲད་གནང་བ་དང་ཁོང་ཚོར་ཕྱག་བཏང་ནས་བྱམས་བརྩེའི་ངང་བཀའ་མོལ་གནང་བ་རེད།

སློབ་མའི་བྱེད་སྒོ་ལྟེ་གནས་ཀྱི་ཐོག་སོ་དང་པོའི་ཚོམས་ཆེན་དུ་དམངས་ཁྲིམས་ཚོང་ཁྲིམས་དཔལ་འབྱོར་ཁྲིམས་རིག་སློབ་གླིང་དངོས་གཞིའི་ཚན་ཁག་གི་ལོ་རིམ་གཉིས་པའི་འཛིན་གྲྭ་གཉིས་པའི་སྡེ་ཚོགས་ཀྲི་པུསཐོག་མའི་བསམ་འདུན་མི་བརྗེད་པར་ཏང་གི་རྗེས་སུ་འབྲངསཞེས་པའི་བརྗོད་དོན་གཙོ་བོའི་སྡེ་ཚོགས་ཉིན་མོའི་བྱེད་སྒོ་སྤེལ་བཞིན་ཡོད།ཞི་ཅིན་ཕིང་སློབ་མ་ཚོའི་ཁྲོད་དུ་ཕེབས་སྐབས་སློབ་གྲོགས་ཚོས་ཐལ་མོ་བརྡབས་ནས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།

དེ་རྗེས་ཞི་ཅིན་ཕིང་སློབ་མའི་བྱེད་སྒོ་ལྟེ་གནས་ཀྱི་ཐོག་སོ་གསུམ་པའི་གྲོས་ཚོགས་ཁང་དུ་ཕེབས་ནས་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་དགེ་སློབ་དང་རྒྱལ་སའི་ཁྲིམས་རིག་རིགས་གཅིག་མཁས་ཅན་དང་ཁྲིམས་སྐྱོང་ལས་དོན་པའི་འཐུས་མི་དང་དེ་བཞིན་མཐོ་སློབ་ཀྱི་འགན་འཁུར་བློ་མཐུན་དང་བཞུགས་མོལ་གནང་བ་རེད།

ཚང་མའི་གཏམ་བཤད་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་།ཁོང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་འགན་ལེན་གལ་ཆེན་མཐའ་འཁྱོངས་བྱེད་པ་ཞིག་ཡིན་པ་དང་དེ་ཉིད་རང་རེའི་ཏང་གི་སྲིད་སྐྱོང་རྒྱལ་དར་དང་།མི་དམངས་ཀྱི་བདེ་སྐྱིད་ཁམས་བཟང་།ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་བཅས་དང་འབྲེལ་བ་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས།ཡང་དག་པའི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ཀྱི་སྣེ་ཁྲིད་མེད་ན།ཡང་དག་པའི་ཁྲིམས་སྐྱོང་ལག་ལེན་ཡོད་མི་སྲིད།ཁྲིམས་སྐྱོང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་མཁན་གྱི་འཐབ་ས་དང་པོ་ཡིན་པའི་མཐོ་སློབ་ཀྱིས་རིག་ཚན་ཆ་ཚང་དང་ཤེས་ལྡན་མི་སྣ་གཅིག་སྡུད་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་ཁྲིམས་སྐྱོང་དང་དེ་བཞིན་དེ་དང་འབྲེལ་བའི་ཁྱབ་ཁོངས་ཀྱི་རྨང་གཞིའི་རང་བཞིན་གྱི་གནད་དོན་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་།རྙོག་འཛིང་ཆེ་བའི་དངོས་ཡོད་ལ་དབྱེ་ཞིབ་གཏིང་ཟབ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱོགས་སྡོམ།ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཡོད་པ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་བསྐྲུན་རྒྱུར་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས།ཁྲིམས་རིག་རིག་ཚན་མ་ལག་བསྐྲུན་རྒྱུ་དེ་ཁྲིམས་སྐྱོང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད།ང་ཚོར་རང་ཉིད་ཀྱི་ལོ་རྒྱུས་རིག་གནས་དང་།རང་ཉིད་ཀྱི་སྒྲིག་སྲོལ་ལམ་སྲོལ།རང་ཉིད་ཀྱི་རྒྱལ་བབ་བཅས་ཡོད་པ་དང་ང་ཚོའི་རྒྱལ་ཁབ་བཅོས་སྐྱོང་ཐད་རྒྱལ་ཁབ་གཞན་གྱིས་བསྡུར་ཐབས་བྲལ་བའི་དམིགས་བསལ་རང་བཞིན་དང་རྙོག་འཛིང་རང་བཞིན་ཡོད་ལ།ང་ཚོར་ཡུན་རིང་བསགས་པའི་ཉམས་མྱོང་དང་ལེགས་ཆ་ཡོད་པས་ཁྲིམས་རིག་རིག་ཚན་མ་ལག་བསྐྲུན་རྒྱུའི་ཐད་གཏིང་ཤུགས་དང་གདེང་ཚོད་ཀྱང་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཁྲིམས་རིག་རིག་ཚན་ནི་ལག་ལེན་རང་བཞིན་ཧ་ཅང་ཆེན་པོ་ལྡན་པའི་རིག་ཚན་ཞིག་ཡིན་པ་དང་ཁྲིམས་རིག་སློབ་གསོས་ཤེས་བྱ་སློབ་ཁྲིད་དང་ལག་ལེན་སློབ་ཁྲིད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་གྱི་མངོན་གསལ་དོད་པའི་ཁྱད་ཆོས་ནི་ཁྲིམས་ལྟར་རྒྱལ་སྐྱོང་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་སྐྱོང་བྱ་རྒྱུ་གཉིས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་མ་ཟད།ཁྲིམས་སྐྱོང་དང་ཀུན་སྤྱོད་ཀྱིས་སྐྱོང་བ་གཉིས་ལ་དམ་འཛིན་དང་དམ་འཛིན་ནན་པོ་བྱེད་དགོས་པའི་ནན་བཤད་བྱས་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས།གཞོན་ནུ་ཚོ་མི་ཚེའི་ཐོས་རྒྱ་གསོག་པའི་དུས་མཚམས་སུ་གནས་པས་འགྱིག་སོབ་ཀྱིས་ཆུ་འཇིབ་པ་དང་འདྲ་བར་ཤེས་བྱའི་ཉིང་བཅུད་བསྡུ་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས།གཞོན་ནུའི་དུས་སྐབས་ནི་ཚན་རིག་དང་མཐུན་པའི་བསམ་བློ་གཏོང་སྟངས་དང་བསམ་བློའི་ནུས་པ་སྐྱེད་སྲིང་དང་སྦྱོང་བརྡར་སྤྲོས་པའི་འགག་རྩའི་དུས་སྐབས་ཡིན།སློབ་གྲྭ་དང་སྤྱི་ཚོགས་གང་དུ་གནས་ཀྱང་སློབ་སྦྱོང་དང་།ལྟ་ཞིབ།ལག་ལེན་བཅས་བསམ་བློ་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས།གཞོན་ནུ་ཚོར་འཚར་ལོངས་དང་འབད་འཐབ་ཁྲོད་གྲུབ་འབྲས་ཐོབ་སྲིད་ལ་དཀའ་ངལ་དང་གནོན་ཤུགས་ཀྱང་འཕྲད་སྲིད།གནས་སྐབས་ཀྱི་རྒྱལ་ཕམ་དང་ཐོབ་ཤོར་ལ་ལྟ་སྟངས་ཡང་དག་འཛིན་ནས་གྲུབ་འབྲས་ཐོབ་སྐབས་སྤོབས་པ་མི་བྱེད་པ་དང་དཀའ་ངལ་འཕྲད་སྐབས་བློ་སྟོབས་མི་ཉམས་པ་བྱས་ཏེ་གྲུབ་འབྲས་ཐོབ་དང་མི་ཐོབ་ཚང་མ་ནི་མི་ཚེའི་མཆོག་ནོར་ཡིན་པ་ལས་ཁུར་པོ་མིན་ཞེས་ནན་བཤད་གནང་བ་རེད།