རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-05-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5པའི་ཚེས་1ཉིན་ནས་ཟླ་5པའི་ཚེས་30ཉིན་བར།རང་ཁུལ་གྱི་སྤོ་བདེའི་རིག་དངོས་ཁྱབ་བཤེར་གྱི་གྲུབ་འབྲས་དེ་ཁུལ་རིག་གནས་དངོས་མང་བཤམས་སྟོན་ཁང་དུ་འགྲེམས་སྟོན་བྱེད་རྒྱུན་ཡིན།དེའི་དམིགས་ཡུལ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་བདེ་ཆེན་ཁུལ་གྱི་སྤོ་བདེའི་རིག་དངོས་ཀྱི་ཁྱབ་བཤེར་གྲུབ་འབྲས་མཉམ་མྱོང་བྱེད་པ་དང་རྩ་ཆེའི་ལོ་རྒྱུས་ཀྱི་རིག་དངོས་མཉམ་མྱོང་བྱེད་དུ་བཅུག་སྟེ།རིག་དངོས་ཀྱི་སློབ་གསོའི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་པ་རེད།
ཐེངས་འདིའི་འགྲེམས་སྟོན་དེ་འགོ་བརྗོད་དང་ཁྱར་བཤེར་དངོས་བྲིས།རྩ་ཆེའི་རིག་དངོས་འགྲེམས་སྟོན།མཇུག་བསྡུའི་གཏམ་བཅས་ཁག་བཞིར་བགོས་ཡོད་པ་དང་།ཕྱོགས་ཡོངས་ནས་རང་ཁུལ་གྱི་སྤོ་བདེའི་རིག་དངོས་ཁྱབ་བཤེར་གྱི་བརྒྱུད་རིམ་ཡོངས་དང་།ཁྱབ་བཤེར་གྱི་གྲུབ་འབྲས།ཁང་ཐོག་ཏུ་ཉར་བའི་རིག་དངོས་དང་སངས་རྒྱས་ཀྱི་སྐུ་འདྲ།ཐང་ཀ ས་འོག་ནས་ཐོན་པའི་རིག་དངོས།གོས་རྒྱན།ཚད་ལྡན་ཡིག་ཚགས་སོགས་འགྲེམས་སྟོན་བྱས་པ་རེད།

བདེ་ཆེན་ཁུལ་གྱི་ཐེངས་དང་པོའི་སྤོ་བདེའི་རིག་དངོས་ཁྱབ་བཤེར་ལས་ཀ་དེ་2013ལོའི་ཟླ་10པར་འགོ་བརྩམས་པ་དང་།ཞིང་ཆེན་ཁྱབ་བཤེར་གཞུང་ལས་ཁང་གི་གཅིག་གྱུར་བཀོད་སྒྲིག་དང་དུས་རིམ་ཁག་གི་ལས་ཀའི་བླང་བྱ་ལྟར།ཏན་ཏིག་གིས་ཁུལ་ཡོངས་ཀྱི་རྒྱལ་དབང་རིག་དངོས་ཉར་ཚགས་སྡེ་ཁག་གི་སྤོ་བདེའི་རིག་དངོས་ལ་ཁྱབ་བཤེར་བྱས་ཤིང་།2016ལོའི་ཟླ་12པའི་ཚེས་31ཉིན་ཁུལ་ཡོངས་ཀྱི་རིག་དངོས་ཁྱབ་བཤེར་ལས་ཀ་ཡོངས་འགྲུབ་བྱས་པ་དང་།ཞིང་ཆེན་ཁྱབ་བཤེར་གཞུང་ལས་ཁང་གི་ཞིབ་བཤེར་རྩིས་ལེན་ཐོག་ཁས་བླངས་ཐོབ་པ་རེད།ཐེངས་འདིའི་རིག་དངོས་ཁྱབ་བཤེར་དུ་ཁྱོན་བསྡོམས་རྒྱལ་ཁབ་རིམ་པའི་རིག་དངོས་ཉར་ཚགས་སྡེ་ཁག་8ལ་འབྲེལ་བ་ཡོད་པ་དང་།སྤོ་བདེའི་རིག་དངོས་ཁག་13756ཐོ་འགོད་བྱས་ཡོད།