བདེ་ཆེན་གྱིས་ཁྱིམ་ཕྱིའི་རྐང་ཐང་འགྲན་བསྡུར་སྤེལ་བ།

རྩོམ་པ་པོ།   པད་མ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2017-05-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5པའི་ཚེས་4ཉིན་གྱི་སྔ་དྲོ།སྐབས་དང་པོའི་སེམས་ཀྱི་ཉི་ཟླའི་ནགས་ལྕོག་རི་བོའི་ཁྱིམ་ཕྱིའི་རྐང་ཐང་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ་རེད།  རུ་ཁག་97གྱི་མི་གྲངས་388་འགྲན་བསྡུར་དུ་ཞུགས་ཡོད་པ་དང་།  འགྲན་བསྡུར་གྱི་སྤྱིའི་ལམ་ཚད་ནི་སྤྱི་ལེ15ཡོད་པ་རེད།



འགོ་ཚུགས་མཛད་སྒོ

འགྲན་བསྡུར་པ་རྣམས་ཀྱིས་འགྲན་འགོ་བརྩམས་པར་སྒུག

    ཐེངས་འདིའི་རྐང་ཐང་འགྲན་བསྡུར་ནི་ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་གསར་འགྱུར་ཅུས་དང་ཁུལ་སྤྱི་ཁྱབ་བཟོ་ཚོགས།ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས།ཁུལ་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་སོགས་ཀྱིས་སྒྲུབ་འགན་འཁུར་བ་རེད།









འགྲན་བསྡུར་གྱི་ལམ་བར་དུ།

    ཤེས་རྟོགས་བྱུང་བར་གཞིགས་ན།ཐེངས་འདིའི་འགྲན་བསྡུར་ལ་ཞུགས་པའི་བདམས་ཐོན་པའི་ལོ་ན་ཆེས་ཆེ་བ་ནི་ལོ་56ཡིན་པ་དང་།ཆེས་ཆུང་བ་ནི་ལོ་16ཡིན་པ་རེད།




ལམ་བར་དུ་མི་རྩིས་ལེན་པ།

འགྲན་བསྡུར་བྱས་པ་བརྒྱུད།ཁུལ་ལོ་ཆུང་སློབ་གྲྭའི་ན་གཞོན་སྤྲོ་སྐྱིད་ཁང་གི་འཐུས་ཚབ་རུ་ཁག་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་།སེམས་ཀྱི་ཉི་ཟླའི་གཡག་རྒྱུག་ཚོགས་པ་དང་ཁུལ་ལོ་ཆུང་སློབ་གྲྭའི་འཐུས་ཚབ་རུ་ཁག     ཁུལ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭའི་ཐོན་ཨུའི་འཐུས་ཚབ་རུ་ཁག   པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་འཐུས་ཚབ་རུ་ཁག་ལ་སོ་སོར་བྱ་དགའ་ཨང་གཉིས་པ་དང་།ཨང་གསུམ་པ།ཨང་བཞི་པ།ཨང་ལྔ་པ་ཐོབ་པ་རེད།

འགྲན་ཞུགས་པ་རྣམས་ཀྱིས་མཉམ་པར་རྒྱག་བཞིན་པ།




མཇུག་མཐའི་མཆོང་རྒྱུག་གི་ཡུལ་དངོས།


བྱ་དགའ་ཐོབ་པ།