ལྔ་གཅིག་སྐབས་སུ་བདེ་ཆེན་ཁུལ་གྱིས་ཡུལ་སྐོར་བ་ཁྲི31.64སྣེ་ལེན་བྱས་ཡོད།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-05-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།བདེ་ཆེན་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་རྒྱུས་ལོན་བྱུང་བ་ལྟར་ན།ད་ལོའི་ལྔ་གཅིག་དུས་ཆེན་(ཟླ4ཚེས29ཉིན་ནས་ཟླ5ཚེས1ཉིན་བར)སྐབས་སུ།ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་ཁྲི31.64སྣེ་ལེན་བྱས་ཡོད་པ་རེད།འདིའི་ཁྲོད་དུ་ཉིན་གཅིག་ཅན་གྱི་ཡུལ་སྐོར་བ་ཁྲི17.5དང་།ཞག་སྡོད་ཅན་གྱི་ཡུལ་སྐོར་བ་ཁྲི14.14ཡོད་ལ།ཡུལ་སྐོར་ཡོང་འབབ་སྒོར་ཁྲི17092.11མངོན་འགྱུར་བྱུང་ཡོད།

  ཁུལ་ནང་ཁུལ་གྱི་ལྗོངས་ཁུལ་གཙོ་བོ་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་ཁྱོན་བསྡོམས་ཡུལ་སྐོར་བ་6035སྣེ་ལེན་བྱས་ཡོད་པ་དང་།སྟག་མཆོང་གྲོག་རོང་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་8467སྣེ་ལེན་བྱས་པ།དགའ་ལྡན་སུམ་རྩེན་གླིང་ལྗོངས་ཁུལ་གྱིས་ཡུལ་སྐོར་བ3580སྣེ་ལེན་བྱས་པ།ནགས་ཕག་མཚོ་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་6621བཅས་སྣེ་ལེན་བྱས་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན།ལྔ་གཅིག་དུས་ཆེན་རིང་རང་ཁུལ་གྱི་ཡུལ་སྐོར་སྒྲིག་ལམ་བརྟན་པོ་ཡིན་ལ།ཡུལ་སྐོར་ཞུ་གཏུག་དང་ཡུལ་སྐོར་བདེ་འཇགས་དོན་རྐྱེན་སོགས་བྱུང་མེད།པདྨ་མཚོས་བསྒྱུར།