ཁུལ་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་གཅིག་བསྡུས་ཀྱིས་སློབ་སྦྱོང་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-05-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

གུའུ་ཁུན་གྱིས་གཙོ་སྐྱོང་བྱས་པ་དང་།ཆི་ཅན་ཞིན་སོགས་སློབ་སྦྱོང་དུ་ཞུགས་པ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་5པའི་ཚེས་2ཉིན་གྱི་སྔ་དྲོ།ཁུལ་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2017ལོ་འཁོར་གྱི་གཅིག་བསྡུས་སློབ་སྦྱོང་ཐེངས་གསུམ་པ་བྱས་པ།གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐེངས་སུམ་ཅུ་སོ་དགུ་པའི་གཅིག་བསྡུས་སློབ་སྦྱོང་གྲོས་ཚོགས་ཐོག་གནང་བའི་གལ་ཆེའི་གསུང་བཤད་དང་།ཞིང་ཨུའི་ཧྲུའུ་ཅི།ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཧའོ་ཡིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐེངས་སུམ་ཅུ་སོ་དགུ་པའི་གཅིག་བསྡུས་སློབ་སྦྱོང་གྲོས་ཚོགས་ཐོག་གནང་བའི་སྤེལ་རེས་གསུང་བཤད་སློབ་སྦྱོང་བྱས་པ་རེད།ཀྲུང་དབྱང་དང་ཞིང་ཨུའི་དབུལ་ཐར་དཀའ་སེལ་ལས་ཀའི་བཀོད་སྒྲིག་ལྟར།སྔར་ལས་ལྷག་པར་བསམ་བློ་གཅིག་གྱུར་བྱེད་པ་དང་།དབུལ་སྐྱོར་དཀའ་སེལ་ལས་ཀའི་འདུ་ཤེས་མཐོ་རུ་གཏོང་བ།གོམ་གང་མདུན་སྤོས་ཀྱིས་རང་ཁུལ་གྱི་ལས་ཀའི་གནས་ཚུལ་ལ་དབྱེ་ཞིབ་བྱེད་པ།དེ་བཞིན་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་བྱས་ནས།རང་ཁུལ་འདི་ཉིད་དུས་ཐོག་ཏུ་དབུལ་ཐར་བྱེད་པའི་དམིགས་ཡུལ་དངོས་སུ་འགྲུབ་པར་ཁག་ཐེག་བྱས་པ་རེད།

      ཁུལ་ཨུའི་ཧྲུའུ་ཅི།ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གུའུ་ཁུན་གྱིས་སློབ་སྦྱོང་གཙོ་སྐྱོང་བྱས་པ་དང་ཕྱོགས་བསྡོམས་གསུང་བཤད་གནང་བ་རེད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཆི་ཅན་ཞིན་སོགས་ཁུལ་ཨུའི་ལྟེ་བའི་ཁོངས་མི་སློབ་སྦྱོང་དུ་ཞུགས་པ་རེད།

      གུའུ་ཁུན་གྱིས་བསྟན་དོན།གནད་འཁེལ་དབུལ་སྐྱོར་ནི་ཆེས་ཆེའི་དམངས་འཚོའི་ལས་གྲྭ་དང་ཆབ་སྲིད་ཀྱི་ལས་གྲྭཀུན་སྐྱོད་དང་སྲིད་འཛིན་གྱི་ལས་གྲྭ་ཞིག་ཡིན་པ་དང་།སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མཆོག་གྱུར་རང་བཞིན་ཀྱི་ཕྱིར་མཚོན་པ་དང་།རང་རྒྱལ་གྱིས་ལོ་བརྒྱ་པ་གཉིསཀྱི་འབད་བརྩོན་དམིགས་ཡུལ་དངོས་སུ་འགྲུབ་པ་དང་།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དངོས་སུ་འགྲུབ་པའི་རྨང་གཞི་ཡང་ཡིན་པ་རེད།ལོ་གཉིས་རིང་།རང་ཁུལ་གྱིས་གནད་འཁེལ་དབུལ་སྐྱོར་ལས་ཀ་བྱས་པའི་འི་ཁྲོད་དུ་འདྲ་མིན་སྣ་ཚོགས་ཀྱི་གནད་དོན་དང་ཚོད་བགམ་ཡོད་སྲིད་པས།ལྷན་རྒྱས་ནས་ངེས་པར་དུ་ཡིད་ཆེས་བརྟན་པོ་དང་གནད་དོན་ལ་ཁ་གཏད་གཅོག་པ།གནད་དོན་གྱིས་ཁྲིད་སྟོན་དུ་བྱེད་དེ།མུ་མཐུད་དུ་གནད་འཁེལ་དབུལ་སྐྱོར་ལས་ཀ་གཏིང་ཟབ་ཏུ་སྤེལ་དགོས།     

      ཆི་ཅན་ཞིན་གྱིས་རྗེས་མའི་དབུལ་སྐྱོར་ལས་ཀར་བླང་བྱ་དྲུག་བཏོན་པ་སྟེ།གཅིག་ནས་སྔར་ལས་ལྷག་པར་དབུལ་སྐྱོར་ལས་ཀའི་འདུ་ཤེས་མཐོ་རུ་གཏོང་དགོས་པ་དང་།ས་གནས་སོ་སོའི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་གནད་དོན་ཐག་གཅོད་བྱེད་དགོས།གཉིས་ནས་འབྲེལ་ཡོད་བླང་བྱར་གཞིགས་པ་དང་།གོང་རིམ་གྱི་སྲིད་ཇུས་དང་རང་ཉིད་ཀྱི་ནོར་སྟོབས་དང་ཟུང་འབྲེལ་བྱས་ནས་རང་སོའི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་དགོས།གསུམ་ནས་དངོས་ཐོག་བདེན་འཚོལ་དང་གོམ་བརྟན་ངང་སྤེལ་བའི་ལས་ཀའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།དངོས་ཡོད་དང་བྲལ་བ་དང་འཚབ་འཚུབ་ཧོལ་སྐྱོད་བྱེད་པར་སྔོན་འགོག་བྱེད་དགོས།བཞི་ནས་རང་སྟོབས་རང་སྤེལ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས།འདང་ངེས་ཀྱིས་དབུལ་ཕོངས་མང་ཚོགས་ཀྱི་སྒུལ་ཤུགས་འདོན་སྤེལ་བྱེད་དགོས།ལྔ་ནས་ས་གནས་སོ་སོའི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་ཏན་ཏིག་གིས་གནད་འཁེལ་དབུལ་སྐྱོར་ཁྲོད་དུ་གནས་པའི་གནད་དོན་ཐག་གཅོད་བྱེད་དགོས།དྲུག་ནི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུའི་དབུལ་སྐྱོར་ལས་ཀའི་ཁྲོད་ཀྱི་གལ་ཆེའི་ཕན་ནུས་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས།

      གྲོས་ཚོགས་ཐོག་ད་དུང་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལ་རྒྱབ་འགལ་བྱས་པའི་སྐོར་གྱི་འབྲེལ་ཡོད་བརྡ་ཁྱབ་བརྒྱུད་བསྒྲགས་བྱས།