ཐེངས་གཉིས་པའི་འབའ་ལྷ་དཀར་རྫོང་གླུ་དབྱངས་རྒྱས་འཛོམས།

རྩོམ་པ་པོ།   ཧོ་ཅན་ཡུན།དུས་ཚོད།   2017-05-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ5པའི་ཚེས1ཉིན།ཡུན་ནན་རིག་གནས་ཐོན་ལས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འབའ་ལྷ་དཀར་འཛོམས་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིས་གཙོ་སྒྲུབ་གནང་བའི་ཁུལ་སྟོན་བསུ་བའི་བྱེད་སྒོ་སྟེ་ཐེངས་གཉིས་པའི་འབའ་ལྷ་དཀར་འཛོམས་གླུ་དབྱངས་རྒྱས་འཛོམས་ཆེན་མོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འབའ་ལྷ་དཀར་འཛོམས་ལྗོངས་ཁུལ་དུ་བསྡུས་པ་རེད།  

   ཁུལ་ཨུའི་ཧྲུའུ་ཅི་གུའུ་ཁུན་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།འཇོལ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཏུང་།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཏུའུ་ཡུང་ཁྲོན།ཁུལ་ཨུའི་རྒྱུན་ཨུ།ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅུ་བཀྲ་ཤིས་དོན་གྲུབ།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཕུའུ་ལུའུ་ཧྲྭ།ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲིན་ཕུང་།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀུའོ་ཁྲུང་ཞན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཧྲི་ཀྲང་ཁྲིན་ཆོན་སོགས་ཁུལ་དང་རྫོང་གི་འགོ་ཁྲིད་གླུ་དབྱངས་རྒྱས་འཛོམས་སུ་ཞུགས་ཡོད།



































ཐེངས་འདིའི་རྒྱས་འཛོམས་སུ་ཞུགས་པའི་གླུ་བ་གླུ་མ་རྣམས།

རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་གླུ་དབྱངས་རྒྱས་འཛོམས་ནི་འཆམ་མཐུན་གྱི་བདེ་ཆེན་དང་།མཛེས་སྡུག་གི་སེམས་ཀྱི་ཉི་ཟླ།ངོ་མཚར་བའི་འབའ་ལྷ་དཀར་འཛོམས་བཅས་དྲིལ་བསྒྲགས་བྱེད་རྒྱུ་གཙོ་བྱས་ཏེ།རྒྱ་ཆེ་བའི་ལྟད་མོ་བར་སེམས་ཀྱི་ཉི་ཟླ་དང་འབའ་ལྷ་དཀར་འཛོམས་ཀྱི་ཡིད་དབང་འཕྲོག་པའི་རང་བྱུང་མཛེས་ལྗོངས་རོལ་མྱོང་དང་།ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་མི་རིགས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ནུས་པ་བཏོན་ཡོད་པ་རེད།

ཐེངས་འདིའི་གླུ་དབྱངས་རྒྱས་འཛོམས་སུ་གླུ་བ་བཀྲ་ཤིས་ཉི་མ་དང་སྒྲོལ་མ་སྐྱབས།ཧྲི་ཐིག དབྱངས་ཅན་ཚེ་སྒྲོན།བཀྲ་ཤིས་དོན་འགྲུབ།སྒྲོལ་མ་གཡང་འཛོམས།ཚེ་དབང་ལྷ་མོ།ཀུན་དགའ།དབང་སྒྲོན་མཚོ།ཚེ་རིང་བསམ་འགྲུབ།ཐང་དཀར་སོགས་བོད་རིགས་དང་ནང་སའི་གླུ་བ་མང་པོ་ཞུགས་ཏེ།རྒྱ་ཆེ་བའི་ལྟད་མོ་བར་གཞས་གླུ་སྙན་མོ་ཕུལ་ནས།ཡུལ་དངོས་ཀྱི་ལྟད་མོ་བའི་དགའ་བསུ་ཚད་མེད་ཐོབ་ཡོད།

གླུ་དབྱངས་རྒྱས་འཛོམས་ཐོག་གཞས་གླུ་སྙན་མོ་ཀུན་གྱི་རྣ་བའི་བདུད་རྩིར་གྱུར་ཡོད་ཀྱང་འབའ་ལྷ་དཀར་འཛོམས་ཀྱི་མཛེས་ལྗོངས་ནི་སྔར་ལས་མཛེས་སྡུག་ལྡན་པར་གྱུར་ངེས་རེད།





ཡུལ་དངོས་ཀྱི་ལྟད་མོ་བ།