རྒྱལ་ཐང་གྲོང་རྡལ་རྒྱལ་བདེ་གྲོང་སྡེར་གཤོང་ཆེ་ཁེབས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།2016ལོར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བཟོ་ལས་དཔལ་འབྱོར་ཉོ་འཚོང་དང་ཆ་འཕྲིན་ཅན་ཅུས་ཀྱིས་རྒྱལ་ཐང་གྲོང་རྡལ་རྒྱལ་བདེ་གྲོང་སྡེར་4Gདྲ་རྒྱ་ཁེབས་པ་དང་གཤོང་ཆེ་ཁེབས་འགོ་ཚུགས་པ།ཟླ་10པའི་ཟླ་མཇུག་གི་བར།དབུལ་ཕོངས་སྲིད་འཛིན་གྲོང་སྡེ་18(འཕྲོད་བསྟེན་ཁང་གཏོགས་པ)དང་སློབ་གྲྭར་4Gདྲ་རྒྱ་ཁེབས་པ་དང་།དབུལ་ཕོངས་གྲོང་སྡེ་སྲིད་འཛིན་གྲོང་སྡེ་15(འཕྲོད་བསྟེན་ཁང་གཏོགས་པ)དང་སློབ་གྲྭར་4Gགཤོང་ཆེ་ཁེབས་པ་རེད།

        གྲོང་ཁྱེར་བཟོ་ལས་དཔལ་འབྱོར་ཉོ་འཚོང་དང་ཆ་འཕྲིན་ཅན་ཅུས་ཀྱིས་གློག་འཕྲིན་ཀུང་སི་དང་གློག་འཕྲིན་ཀུང་སིས་རྒྱལ་བདེ་གྲོང་སྡེའི་ཨུ་ལྷན་དང་མཐའ་སྐོར་གྱི་རྒྱུན་གནས་ཁྱིམ་དུད་103ལ་གཤོང་ཆེ་ཁེབས་པའི་འགན་ལེན་བྱས་པ་དང་།གཤོང་ཆེའི་གྲོན་དངུལ་ནི་རྒྱལ་ཐང་གྲོང་རྡལ་སྲིད་གཞུང་དང་ཞིང་དུད།གློག་འཕྲིན་ཀུང་སི་ཕྱོགས་གསུམ་གྱིས་འགན་འཁུར་བྱེད་རྒྱུའི་གྲོས་མོལ་བྱས་པ་དང་ཆིངས་ཡིག་འཇོག་པ་རེད།

        མིག་སྔའི་བར།རྒྱལ་བདེ་གྲོང་སྡེའི་ཁྱིམ་དུད་104ལ་གཤོང་ཆེ་ཁེབས་ཡོད་པ་དང་།ཡུལ་མིས་རང་ཁྱིམ་ནང་IPTVལྟ་ཐུབ་པ་དང་WiFiསྤྱོད་ཆོག་སྟེ།རྗེས་མར་གློག་རྡུལ་ཚོང་དོན་ལས་སྟེགས་སྤྱོད་རྒྱུར་རྨང་གཞི་འདིང་བ་རེད།