རང་ཁུལ་གྱིས་སློབ་གསོའི་དམངས་ཕན་སྲིད་ཇུས་ལ་བརྩོན་ལེན་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

       སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ན་ནིང་གི་ཚུན་དུ།རང་ཁུལ་གྱི་སློབ་གསོ་སྡེ་ཁག་གིས་རྒྱུན་མཐུད་ངང་སློབ་གསོ་དང་དམངས་འཚོ་ལས་གྲྭ་དམ་འཛིན་བྱས་ནས།འཚོ་བཅུད་ལེགས་སུ་གཏོང་བའི་འཆར་འགོད་དང་དབུལ་ཕོངས་སློབ་མ་ལ་རོགས་དངུལ་སྤྲོད་པ་སོགས་སློབ་གསོའི་དམངས་ཕན་སྲིད་ཇུས་ཀྱི་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་དང་།དབུལ་སྐྱོར་སློབ་རོགས་བྱེད་ཤུགས་ཆེ་རུ་བཏང་སྟེ།སློབ་གསོའི་གཞུང་དྲང་ལ་སྐུལ་འདེད་བཏང་བ་རེད།

        སློབ་གསོའི་དམངས་ཕན་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ།2015ལོར།སློབ་གྲྭ་ཆུང་འབྲིང་གི་སློབ་མའི་འཚོ་བཅུད་ལེགས་སུ་གཏོང་བའི་འཆར་འགོད་མ་དངུལ་སྒོར་ཁྲི་2878འོག་རིམ་ལ་སྤྲད་དེ།ལོངས་སུ་སྤྱོད་པའི་སློབ་མ་36320ཡོད།མཐོ་སྒང་གི་ཞིང་འབྲུག་བུ་ཕྲུག་གི་སློབ་མའི་འཚོ་བའི་རོགས་དངུལ་སྒོར་ཁྲི་10595འོག་རིམ་ལ་སྤྲད་དེ།ལོངས་སུ་སྤྱོད་པའི་སློབ་མ་46279ཡོད།དཀའ་ངལ་ཡོད་པའི་སློབ་མ་129ལ་རོགས་དངུལ་སྒོར་ཁྲི་67.28སྤྲད་ཡོད།

        ཆེད་དམིགས་མ་དངུལ་དོན་འཁྱོལ་བྱས་པ།2015ལོར།སློབ་གསོའི་ཆེད་དམིགས་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི་39550.94བརྩོན་ལེན་བྱས་ཏེ།སྔ་ལོ་ལས་སྒོར་ཁྲི་1943.82དང་5.17%འཕར་བ།འཆར་འགོད་ལྟར་སློབ་གྲྭ་ཆུང་འབྲིང་གི་སློབ་གྲྭའི་ཁང་པའི་བདེ་འཇགས་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་16ལ་མ་དངུལ་སྒོར་ཁྲི་3750བཏང་བ།སློབ་ན་མ་སོན་གོང་གི་སློབ་གསོའི་འཛུགས་སྐྲུན་རྣམ་གྲངས་97ལ་མ་དངུལ་སྒོར་ཁྲི་11860བཏང་བ།ཞིང་གྲོང་འོས་འགན་སློབ་གསོ་སློབ་གྲྭའི་ཞན་པའི་ལེགས་བཅོས་འཆར་འགོད་ནང་གི་སློབ་གྲྭ་ཆུང་འབྲིང་གི་ཆུ་སྤྱོད་པ་དང་སློབ་མའི་འཐུང་ཆུའི་བདེ་འཇགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་རྣམ་གྲངས་32ལ་མ་དངུལ་སྒོར་ཁྲི་966བཏང་ཡོད།ཕྱོགས་ཡོངས་ནས་སློབ་གསོ་ཞན་པའི་ལེགས་བཅོས་རྣམ་གྲངས་68ལག་བསྟར་བྱས་ཏེ།མ་དངུལ་སྒོར་ཁྲི་20122.3བཏང་བ།སེམས་ཀྱི་ཉི་ཟླ་གཞོན་ནུའི་སློབ་གྲྭ་ཕྱི་རོལ་གྱི་བྱེད་སྒོ་ལྟེ་གནས་གནས་སྤོ་དང་གསར་འཛུགས་རྣམ་གྲངས་ལེགས་གྲུབ་བྱས་ཏེ་མ་དངུལ་སྒོར་ཁྲི་980བཏང་ཡོད།

        སློབ་གྲྭའི་སྒྲིག་ཆས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ།རྒྱལ་ཁབ་དང་ཞིང་ཆེན་གྱི་སློབ་གསོའི་སྒྲིག་ཆས་བཀོད་སྒྲིག་བྱེད་པའི་ཚད་གཞི་དང་བླང་བྱ་ལྟར།མ་དངུལ་སྒོར་ཁྲི་9221.14བཏང་ནས།འོས་འགན་སློབ་གསོའི་རྒྱུན་སྡོད་སློབ་གྲྭའི་ཉོ་སྒྲུབ་དང་བཀོད་སྒྲིག་ལས་འགན་དང་འོས་འགན་སློབ་གསོ་སློབ་གྲྭའི་སློབ་གསོའི་སྒྲིག་ཆས་ཀྱི་ཞིང་ཆེན་རིམ་པའི་ཉོ་སྒྲུབ་དང་སྒྲིག་བཀོད་འཆར་གཞི་ལེགས་གྲུབ་བྱས་པ་རེད།

        དུས་མཚུངས་སུ།རྒྱུན་མཐུད་ཀྱིས་སློབ་མའི་བྱང་ཚད་མཐོ་རུ་བཏང་བ་དང་དགེ་རྒན་རུ་ཁག་གི་འཛུགས་སྐྲུན་དམ་འཛིན་བྱས་པ།སློབ་གྲྭའི་ལུས་རྩལ་དང་འཕྲོད་བསྟེན་སྒྱུ་རྩལ་ཐད་ཀྱི་ལས་ཀ་བྱེད་ཤུགས་ཆེ་རུ་བཏང་ནས།ཁུལ་ཡོངས་ཀྱི་སློབ་གསོ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་རེད།