སེམས་ཀྱི་ཉི་ཟླའི་ཁེ་ལས་ཆུང་ངུ་110ལ་རོགས་སྐྱོར་ཐོབ་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ད་ལོ་ནས་བཟུང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྒོར་མོ་ཁྲི་10གཉིས་ཀྱི་ཁེ་ལས་ཆུང་ངུའི་གསོ་སྦྱོང་ལས་གྲྭའི་རྣམ་གྲངས་ཀྱི་ལག་ལེན་བྱེད་ཤུགས་ཆེ་རུ་བཏང་བ་དང་།ནན་ཏན་གྱིས་མ་དངུལ་མི་འདང་བའི་གནད་དོན་ཐག་གཅོད་བྱས་ནས།ཁེ་ལས་བདེ་བླག་ངང་འཕེལ་རྒྱས་བྱུང་བར་ཆ་རྐྱེན་ལེགས་པོ་འདོན་པ་རེད།

བདེ་ཆེན་ཁུལ་གྱིས་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འགོ་ཁྲིད་ཚོ་ཆུང་གིས་སྒོར་མོ་ཁྲི་10གཉིས་ཀྱི་ཁེ་ལས་ཆུང་ངུའི་གསོ་སྦྱོང་ལས་གྲྭ་ལས་ཀའི་བརྡ་ཁྱབ་ཀྱི་བླང་བྱར་གཞིགས་ནས།གྲོང་ཁྱེར་འདིའི་ཁེ་ལས་ཀྱི་འཕེལ་རྒྱས་ཧུར་སེམས་ལ་སྐུལ་སྤེལ་གཏོང་བ་དང་།ལས་ཞུགས་གོ་སྐབས་སྣོན་རྒྱག་པ།གྲོང་ཁྱེར་ཁྱབ་ཁོངས་ཀྱི་ཐོན་ལས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་ཆེད།གྲོང་ཁྱེར་འདིས་ནན་ཏན་གྱིས་སྒོར་མོ་ཁྲི་10གཉིས་ཀྱི་ཁེ་ལས་ཆུང་ངུའི་གསོ་སྦྱོང་ལས་གྲྭ་ལེགས་གྲུབ་བྱས་པ།གྲོང་ཁྱེར་བཟོ་ལས་དཔལ་འབྱོར་ཉོ་འཚོང་དང་ཆ་འཕྲིན་ཅན་ཅུས་ཀྱིས་འགོ་ཁྲིད་བྱས་པ་དང་།གྲོང་ཁྱེར་ནོར་སྲིད་ཅུས་དང་བཟོ་ཚོང་ཅུས།གུང་གཞོན་ཚོགས་པའི་ཨུ་ལྷན།མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས།བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ལས་ཁུངས་6གིས་གྲོང་ཁྱེར་ནང་གི་ཁེ་ལས་ཀྱི་ལས་ཀ་འདི་དག་སྒྲུབ་པར་སྒྲིག་འཛུགས་བྱས་པ།

     ད་ལོ་ནས་བཟུང་།ཁེ་ལས་ཀྱིས་སྙན་སེང་ཞུ་བའི་སྒོར་མོ་ཁྲི་10གཉིས་ཀྱི་ཁེ་ལས་ཆུང་ངུའི་གསོ་སྦྱོང་ལས་གྲྭ་དེ་དྲ་ཐོག་ཏུ་བྱེད་པ་དང་།དྲ་ཐོག་མིང་ཐོ་བཀོད་དེ་སྒྲུབ་འགན་ཁུར་ལེན་བྱེད་པའི་སྡེ་ཁག་གིས་ཡུལ་དངོས་སུ་ཁེ་ལས་ཀྱི་བདག་གཉེར་གནས་ཚུལ་ཞིབ་བཤེར་བྱེད་པ་དང་།ལས་ཁུངས་6གིས་ཁེ་ལས་ཀྱི་སྙན་ཞུ་དཔྱད་ཡིག་ལ་ཕྱོགས་བསྡུས་ལྷན་འཛོམས་ཞིབ་བཤེར་བྱས་པ་རེད།

        མིག་སྔའི་བར།འབྲེལ་ཡོད་ཚད་གཞི་དང་མཐུན་པའི་ཁེ་ལས་110ཡོད།མཐའ་མའི་ཞིབ་བཤེར་བྱས་ནས།ཁུལ་རིམ་པའི་སྡེ་ཁག་ལ་སྙན་སེང་ཞུ་བ་རེད།གྲོང་ཁྱེར་བཟོ་ཚོང་ཆ་འཕྲིན་ཅུས་དང་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་ཁེ་ལས་110ལ་སྤྱི་བསྒྲགས་བྱས་པ་དང་ཁུལ་ནོར་སྲིད་ཅུས་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་330སྙན་སེང་ཞུས་པ་རེད།ཁུལ་རིམ་པའི་མ་དངུལ་འབྱོར་ནས།གང་མགྱོགས་ཀྱིས་སྒོར་མོ་ཁྲི་10གཉིས་ཀྱི་ཁེ་ལས་ཆུང་ངུའི་གསོ་སྦྱོང་ལས་གྲྭ་ལ་སྤྲོད་རྒྱུ་ཡིན།