བྱ་གཞག་སྡེ་ཁག་གིས་བསྡུ་རྒྱུགས་ལ་ཁྱད་ཆོས་གསར་པ་མངོན་ཡོད།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་4པའི་ཚེས་11ཉིན་ནས་བཟུང་།རང་ཁུལ་གྱིས་2017ལོ་འཁོར་གྱིས་བྱ་གཞག་སྡེ་ཁག་གི་བསྡུ་རྒྱུགས་བསུ་ཡོད་པ་རེད།སྔ་ལོ་དང་བསྡུར་ན།ད་ལོའི་བྱ་གཞག་སྡེ་ཁག་གི་བསྡུ་རྒྱུགས་ལ་ཁྱད་ཆོས་གསར་པ་མངོན་ཡོད།

      གདན་ཞུའི་མི་གྲངས་སྔར་ལས་ཇེ་མང་དུ་སོང་ཡོད།ད་ལོར་རང་ཁུལ་གྱིས་ཡོངས་བསྒྲགས་སུ་གདན་ཞུའི་བྱ་གཞག་སྡེ་ཁག་གི་ལས་དོན་མི་སྣ་ཁྱོན་བསྡོམས་437ཡོད་པ་རེད།      དེའི་ནང་ལས།ཁུལ་ཐད་གཏོགས་ལ་མི་གྲངས་51ཡོད་པ་དང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལ་མི་གྲངས་172ཡོད་པ།བདེ་ཆེན་རྫོང་ལ་མི་གྲངས་99ཡོད་པ།འབའ་ལུང་རྫོང་ལ་མི་གྲངས་115ཡོད།

        དྲ་བའི་ཐོག་ཏུ་མིང་འགོད་པ་དེ་རྒྱུགས་ལེན་པ་ལ་སྟབས་བདེ་སྤྲོད་པ།      ད་ལོར་ཁུལ་ཐད་གཏོགས་དང་རྫོང་དང་དང་གྲོང་ཁྱེར་གྱི་བྱ་གཞག་སྡེ་ཁག་གི་མིང་ཐོ་འགོད་སྐབས་ཀུན་གྱིས་དྲ་བའི་ཐོག་ཏུ་མིང་ཐོ་འགོད་པ་དང་།གདན་ཞུ་དང་ལེན་ཞུ་མཁན་གྱིས་གཅིག་གྱུར་ཏུ་ཡུན་ནན་མི་དོན་རྒྱུགས་སྤྲོད་དྲ་བའི་ཐོག་ཏུ་མིང་ཐོ་འགོད་དགོས་པ་རེད།

        བྱ་གཞག་སྡེ་ཁག་གི་ཡོངས་བསྒྲགས་སུ་གནད་ཞུའི་རྒྱུགས་སྤྲོད་དེ་ཐེངས་དང་པོར་ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་གྱི་རྒྱུགས་སྤྲོད་དུ་ཞུགས་ཡོད་དེ།རྒྱུགས་སྤྲོད་ཀྱི་དོ་དམ་དེ་བས་ཚད་ལྡན་དང་འཐུས་ཚང་དུ་གྱུར་ཡོད།

      ཐེངས་འདིར་བདེ་ཆེན་ཁུལ་བྱ་བཞག་ལས་ཁུངས་ཀྱིས་མི་གྲངས་437གདན་འདྲེན་ཞུ་རྒྱུ་ཡིན།རྒྱུགས་ལེན་པ་5136གིས་མིང་ཐོ་འགོད་ཡོད།རྒྱུགས་ལེན་པ་5ཞིབ་བཤེར་བྱས་ནས་མི་གྲངས་5085ཁས་བླངས་པ།མི་གྲངས་4222ཀྱིས་མིང་ཐོ་འགོད་པ་དང་དངུལ་འཇལ་བ་རེད།

      བསྡོམས་རྩིས་བྱས་པ་ལྟར།འཇོལ་རྫོང་དམངས་སྲིད་ཅུས་ལྟེ་གནས་རྒན་གསོ་ཁང་གི་ལས་གནས་ལ་མིང་ཐོ་འགོད་ཚད་ཆེས་མཐོ་ཞིང་།འགྲན་རྩོད་བསྡུར་ཚད་186:1ལ་ཟིན་པ།ཁུལ་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ལས་གནས་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཚོང་ར་ལྟ་སྐུལ་དོ་དམ་ཅུས་ཉི་ཤར་ལྟ་སྐུལ་དོ་དམ་སུའོ་ཡི་ལས་གནས།ལྔ་ཤོག་ཤང་ཁོར་ཡུག་ཕྱོགས་བསྡུས་ལེགས་བཅོས་གཞུང་ལས་ཁང་གི་ལས་གནས།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་དོ་དམ་ཅུས་ཀྱི་ཞི་དབྱི་སྨན་པའི་ནད་ཐོག་ལས་གནས།འབའ་ལུང་རྫོང་སློབ་གསོ་མ་ལག་གི་དགེ་རྒན་ལས་གནས་མང་ཙམ་སོགས་ལ་མིང་ཐོ་འགོད་མི་མེད་པ་རེད།