ལུའི་པིང་གིས་བདེ་ཆེན་ཁུལ་རིག་རྩལ་ལས་དོན་གྱི་འཕེལ་རྒྱས་གནས་ཚུལ་ལ་ཞིབ་འཇུག་གནང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། །ཟླ་1པོའི་ཚེས་27ཉིན།ཁུལ་ཨུའི་རྒྱུན་ཨུ།ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལུའི་པིང་གིས་ཁུལ་རིག་གནས་ཁང་དང་ཁམས་པའི་བོད་ཡིག་བསྒྱུར་སྒྲིག་ལྟེ་གནས།བདེ་ཆེན་ཁུལ་དཔེ་མཛོད་ཁང་།དམར་དམག་རྒྱང་སྐྱོད་བཤམས་སྟོན་ཁང་།མི་རིགས་བཤམས་སྟོན་ཁང་།སེམས་ཀྱི་ཉི་ཟླ་མི་རིགས་ལུས་རྩལ་ལྟེ་གནས་བཅས་ལ་ཞིབ་འཇུག་གནང་ནས།བདེ་ཆེན་ཁུལ་གྱི་མང་ཚོགས་རིག་གནས་དང་སྒྱུ་རྩལ་གསར་རྩམ་སོགས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་གོ་རྟོགས་བྱས་པ་མ་ཟད།ད་དུང་ལས་ཡུལ་དངོས་སུ་བདེ་ཆེན་ཁུལ་མི་རིགས་གླུ་གར་ཁང་གི་ཨར་ལས་རྒྱག་སར་ལྟ་ཞིབ་གནང་བ་རེད།

        ལིའུ་པིང་གིས་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་ཐོག་རིག་རྩལ་གསར་རྩོམ་གྱི་གནས་ཚུལ་བཙུགས་ནས།ཁུལ་ཡོངས་ཀྱི་རིག་རྩལ་ལས་བྱེད་མི་སྣ་དང་རིག་གནས་དགའ་མཁན་ལ་ལས་སྟེབས་འཛུགས་དགོས་པ་དང་།རྒྱུན་མཐུད་ཀྱིས་རྒྱང་བསྒྲགས་དང་བརྙན་འཕྲིན་གྱི་གླེང་ཕྱོགས་ཆུ་ཚད་མཐོ་རུ་གཏོང་བ་དང་བདེ་འཇགས་ངང་གཏོང་བར་དམ་འཛིན་བྱེད་པ།མི་སྣའི་རུ་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ།འཕྲིན་སྦྲེལ་དྲ་བའི་ཐོག་བདེ་ཆེན་གྱི་གཏམ་རྒྱུད་དང་བདེ་ཆེན་གྱི་སྐད་སྒྲག་ཡག་པོ་གཏོང་དགོས།རྒྱུན་མཐུད་ཀྱིས་བདེ་བླག་ངང་འཚོ་བའི་འདུ་ཤེས་དར་སྤེལ་གཏོང་བ་དང་དམངས་ཡོངས་ལུས་གསོའི་སྤུས་རྟགས་གསར་འཛུགས་བྱེད་པ་དང་།ལུས་རྩལ་ལུས་སྦྱོང་གི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ།ལུས་རྩལ་མི་སྣའི་གསོ་སྐྱོང་ལ་དོ་སྣང་བྱེད་དགོས།རུ་ཁག་རང་ཉིད་ཀྱི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་ཞིང་།ལུས་རྩལ་ལས་དོན་ཕྱོགས་ཡོངས་དང་མཐུན་སྦྱོར།རྒྱུན་མཐུད་འཕེལ་རྒྱས་བཅས་མངོན་གྱུར་བྱུང་བར་འབད་བརྩོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།