སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་“དགའ་སྐྱིད་ལྡན་པའི་ཤམ་བྷ་ལ”ཞེས་པའི་ལོ་གསར་བསུ་བའི་དམངས་སྲོལ་རིག་གནས་ཀྱི་བྱེད་སྒོ་བསྡུས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ལོ་གསར་ཚེས་གཉིས་ཉིན།སེམས་ཀྱི་ཉི་ཟླའི་ཧྲི་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་།སེམས་ཀྱི་ཉི་ཟླ་རིག་གནས་དང་ལུས་རྩལ་ཀུན་ཁྱབ་རླུང་འཕྲིན་ཅུས།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་ཏང་ཨུ་སྲིད་གཞུང་གིས་སྒྲུབ་འགན་འཁུར་ལེན་བྱས་པའི་2016ལོའི་དགའ་སྐྱིད་ལྡན་པའི་ཤམ་བྷ་ལཞེས་པའི་ལོ་གསར་བསུ་བའི་དམངས་སྲོལ་རིག་གནས་ཀྱི་བྱེད་སྒོ་ནི་རྡོ་མཁར་རྫོང་གི་ཟླ་འོད་ཐང་ཆེན་ནས་བསྡུས་པ་རེདབདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་འཐུས་ཚབ་ཁུལ་དཔོན་ཆི་ཅན་ཞིན་དང་།ཡུན་ནན་ཞིང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ།ཞིང་ཆེན་དཔལ་ཡོན་འཛུགས་སྐྲུན་སྣེ་ཁྲིད་ཨུ་ལྷན་གྱི་གཞུང་ལས་ཁང་གི་ཀྲུའུ་རེན་ལུའུ་ཡུང་མིང་།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཚན་ཀོང་།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཏུའུ་ཡུང་ཁྲོན་བཅས་བྱེད་སྒོར་ཞུགས་པ།

ལོ་གསར་ཚེས་གཉིས་ཉིན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་གི་ཟླ་འོད་ཐང་ཆེན་ནས་བསྡུས་པའི་དགའ་སྐྱིད་ལྡན་པའི་ཤམ་བྷ་ལཞེས་པའི་ལོ་གསར་བསུ་བའི་དམངས་སྲོལ་རིག་གནས་ཀྱི་བྱེད་སྒོའི་ཐོག་ཁུལ་ནང་གི་གྲགས་ཅན་གླུ་པས་གླུ་ལེན་པ་དང་ལྷན་འཛོམས་ཀྱིས་ལོ་གསར་རྟེན་འབྲེལ་ཞུ་བ། སྣ་རིགས་མང་བའི་རིག་རྩལ་འཁྲབ་ཚན་བྟན་ནས་སེམས་ཀྱི་ཉི་ཟླའི་དཔལ་འབྱོར་གོང་སྤེལ་དང་སྤྱི་ཚོགས་འཆམ་མཐུན། རིག་གནས་དར་སྤེལ་བཅས་བྱུང་བའི་གནས་ཚུལ་ལྟད་མོ་བ་ལ་འགྲེམ་སྟོན་བྱས་པ་རེད།