སྐབས་བརྗེའི་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་པོ་བྱེད་དེ་དར་སྲོལ་ལེགས་པོ་ཡོང་བར་ཁག་ཐེག་བྱེད་དགོས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཀྲུང་དབྱང་དང་ཞིང་ཨུའི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ནས།ད་ལོར་ཁུལ་ཡོངས་ཀྱི་ཁུལ་དང་རྫོང་(གྲོང་ཁྱེར་)དང་ཤང་(གྲོང་རྡལ་)རིམ་གསུམ་གྱི་ཏང་ཨུ་དང་གྲོང་སྡེ་(སྡེ་ཁུལ)བཅས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་ཀ་འོག་ནས་གོང་བར་སྤེལ་རྒྱུ་ཡིན་པ་དང་།སྐབས་བརྗེའི་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་པོ་བྱེད་ཆེད།ཀྲུང་དབྱང་གིས་རྩ་འགོག་དགུའིསྒྲིག་ཁྲིམས་བླང་བྱ་བཏོན་དོན།ཁུལ་ཡོངས་རིམ་པ་ཁག་གི་ཏང་ཨུ་(ཏང་ཙུའུ)ཡིས་ནན་ཏན་གྱིས་ས་གནས་དང་ལས་ཁུངས་དེ་གའི་ཏང་ཡོན་ལས་བྱེད་པས་སྐབས་བརྗེའི་སྒྲིག་ཁྲིམས་ལ་བརྩི་སྲུང་བྱེད་པའི་སློབ་སྦྱོང་དང་སློབ་གསོ་དམ་འཛིན་བྱེད་དགོས་པ་དང་།ནན་ཏན་གྱིས་རྩ་འགོག་དགུའིསྒྲིག་ཁྲིམས་བླང་བྱ་དང་ལྡོག་ཕྱོགས་ཀྱི་དཔེར་འོས་གྱོད་དོན་གྱི་གཅེས་བསྒྲིགསསློབ་སྦྱོང་བྱེད་པར་སྒྲིག་འཛུགས་བྱེད་དགོས།སྒྲིག་ཁྲིམས་དང་ཚད་གཞི་མདུན་དུ་བཞག་སྟེ་དར་སྲོལ་ལེགས་པོ་ཡོང་བ་བྱེད་དགོས།ཏང་ཡོན་ལས་བྱེད་པས་རང་འགུལ་གྱིས་སྐབས་བརྗེའི་སྒྲིག་ཁྲིམས་བརྩི་སྲུང་ཡོང་བར་སྣེ་ཁྲིད་བྱེད་དགོས།འབད་བརྩོན་གྱིས་དར་སྲོལ་ལེགས་པའི་སྐབས་བརྗེའི་ཁོར་ཡག་ཞིག་འཛུགས་དགོས།རིམ་པ་སོ་སོའི་ལས་བྱེད་པས་ནན་ཏན་གྱིས་རྩ་འགོག་དགུའིསྐབས་བརྗེ་བའི་སྒྲིག་ཁྲིམས་བླང་བྱ་ལག་བསྟར་བྱེད་དགོས།རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་རང་འགུལ་གྱིས་མི་སྤྱོད་ཐད་ཀྱི་དར་སྲོལ་མི་ལེགས་པ་འགོག་སྟེ།དར་སྲོལ་ལེགས་པའི་སྐབས་བརྗེའི་ཁོར་ཡུག་འཛུགས་པར་ལེགས་སྐྱེས་འབུལ་དགོས།སྐབས་བརྗེའི་སྒྲིག་ཁྲིམས་བླང་བྱ་དང་འགལ་བའི་གནད་དོན་ལ་ངན་ལང་དུ་མི་གཏོང་བ་དང་།གནད་དོན་ཞིག་མཐོང་དུས་ཐག་གཅོད་བྱེད་པ་དང་བརྡ་ཁྱབ་གཏོང་སྟེ།མིག་སྟོས་ངན་འགྲན་བྱེད་མཁན་ལ་ཕྱི་འདོམས་བྱེད་དགོས།

        རྒྱ་ཆེ་བའི་མི་དམངས་མང་ཚོགས་དང་ཏང་ཡོན་ལས་བྱེད་པས་ཧུར་ཐག་གིས་ལྟ་སྐུལ་བྱེད་པ་དང་སྐབས་བརྗེའི་དར་སྲོལ་མི་ལེགས་པ་དང་འཐབ་རྩོད་བྱེད་རོགས།

     ཐེར་འདོན་གོང་ཞུའི་ཁ་པར་ཨང་གྲངས།

    ཀྲུང་གུང་བདེ་ཆེན་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན།08878224585

    ཀྲུང་གུང་བདེ་ཆེན་ཁུལ་ཨུའི་རྩ་འཛུགས་པུའུ།088712380

       ཡིག་བསྐུར་ནས་ཐེར་འདོན་གོང་ཞུའི་ས་གནས།བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་མཁའ་འགྲོ་ལམ་ཆེན་སྒོ་རྟགས་8(བདེ་ཆེན་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ནམ་ཁུལ་ཨུའི་རྩ་འཛུགས་པུའུ།)