རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།ཞིང་ཨུའི་རྒྱུན་ཨུ་དང་ཞིང་ཨུའི་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧོང་དབྱི།ཞིང་ཨུའི་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ།ཞིང་ཨུའི་བོད་ཁུལ་ལས་ཀའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་དབྱང་ཀོན་ཧའེ་དང་བཅས་པས་བདེ་ཆེན་དུ་ཞིབ་འཇུག་བརྟག་དཔྱད་གནང་བ་རེད།ཚེས་12ཉིན་གྱི་སྔ་དྲོར།ཁུལ་ཨུའི་རྒྱུན་ལས་གྲོས་ཚོགས་ཁང་ནས་བརྟན་སྲུང་ལས་ཀའི་གྲོས་ཚོགས་འཚོགས་པ།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀུའུ་ཁུན་དང་ཁུལ་དཔོན་ཆི་ཅན་ཞིན་གྲོས་ཚོགས་སུ་ཞུགས་པ་རེད།
ཧོང་དབྱི་ཡིས་ད་ལོ་ནི་ཀྲུང་དབྱང་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ཞིང་ཨུའི་བོད་ཁུལ་ལས་ཀའི་གྲོས་ཚོགས་ཐེངས་གཉིས་པ་དོན་འཁྱོལ་མཐའ་ཕྱིར་བྱེད་པའི་ལོ་ཞིག་ཡིན་ཏེ།རིམ་པ་སོ་སོའི་ཏང་ཨུ་དང་ཏང་སྲིད་གཞུང་གིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བོད་ཁུལ་ལས་ཀར་གནང་བའི་བཀོད་སྒྲིག་ལ་གཞིགས་ནས།བོད་ཁུལ་བརྟན་སྲུང་ལས་ཀ་ཁག་ཡག་པོ་སྒྲུབ་དགོས་པ་དང་བདེ་སྡོད་མཐུན་སྒྲིལ་དང་འཆམ་མཐུན་བརྟན་བརླིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་ཚུལ་ལ་སྲུང་སྐྱོང་བྱེད་པ་དང་།བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་སྔར་ལས་ལྷག་པར་འཕེལ་རྒྱས་མགྱོགས་སུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཧོང་དབྱི་ཡིས་རང་ཁུལ་གྱི་ལས་ཀའི་སྙན་ཞུ་གསན་རྗེས།འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་འགན་དོན་འཁྱོལ་བྱེད་དགོས་པ་དང་།རིམ་པ་སོ་སོའི་ལས་ཀའི་སྟོབས་ཤུགས་ཀྱིས་གཙོ་བོ་ནི་མང་ཚོགས་ཀྱི་བསམ་བློ་དང་ཆབ་སྲིད་སློབ་གསོའི་དྲིལ་བསྒྲགས་ལས་ཀ་ཡག་པོ་བྱེད་དགོས།བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ཀྱི་བརྟན་སྲུང་ལས་ཀ་དམ་འཛིན་བྱེད་དགོས།སྤྱི་ཚོགས་ཐད་ཀྱི་དོ་དམ་དང་ཁྲིམས་ལུགས་ལྟར་དོ་དམ་བྱེད་དགོས།ནན་ཏན་གྱིས་བོད་ཁུལ་གྱི་ཏང་འཛུགས་ལས་ཀ་ལ་སྐུལ་འདེད་གཏོང་བ་དང་།འཕེལ་རྒྱས་བརྟན་བརླིང་གི་གཞི་རིམ་རྨང་གཞི་བརྟན་དུ་གཏོང་དགོས་པའི་བླང་བྱ་ཁག་ལྔ་བཏོན་པ་རེད།
ཧོང་དབྱི་ཡིས་བརྟན་སྲུང་ལས་ཀ་དང་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་ཀ་དང་མཉམ་སྦྲེལ་བྱས་ནས།“ལོ་ལྔ་ཚན་བཅུ་གསུམ་པའི”ལས་འགོ་ཡག་པོ་ཚུགས་དགོས་པ་དང་།ཀྲུང་དབྱང་དང་ཞིང་ཨུ།ཞིང་ཆེན་སྲིད་གཞུང་གི་གལ་ཆེའི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་མཐའ་ཕྱིན་བྱེད་པ་དང་སྣེ་ཁྲིད་དུ་བཞག་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ཁག་ལྔ་འབུར་དུ་ཐོན་པ།ཧུར་ཐག་གིས་རྒྱལ་ཁབ་དང་ཞིང་ཆེན་ཡོངས་དང་མཉམ་ལས་བྱེད་དེ་བོད་ཁུལ་གྱི་“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་སྙན་ཞུ་རིགས་སྒྲུབ་དང་ལག་བསྟར་མཐུན་སྦྱོར་ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་དགོས།དཔལ་འབྱོར་གྱི་རྒྱུན་ལུགས་གསར་པ་འོག་བདེ་ཆེན་གྱི་ས་ཁོངས་དང་སྐྱེ་ཁམས་སོགས་ཀྱི་གནས་བབ་ལེགས་པོ་འདོན་སྤེལ་ཡག་པོ་བྱེད་དགོས།དམིགས་བསལ་དུ་དབུལ་སྐྱོར་མཁྲེགས་གཏོར་དང་དམངས་འཚོའི་འགན་སྲུང་ལས་ཀ་དམ་འཛིན་བྱེད་དགོས།ཕྱོགས་ཡོངས་ནས་གཏན་འཁེལ་དབུལ་སྐྱོར་བྱེད་དེ་དབུལ་སྐྱོར་མཁྲེགས་གཏོར་བྱ་འགུལ་འཆར་འགོད་ཀྱི་དམིགས་འབེན་ལས་འགན་ལེགས་སྒྲུབ་བྱུང་བར་ཁག་ཐེག་བྱེད་པ་དང་།རྒྱལ་ཡོངས་བོད་ཁུལ་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་བ་རེད།
གྲོས་ཚོགས་ཐོག ཀུའུ་ཁུན་གྱིས་བདེ་ཆེན་ཁུལ་གྱི་བརྟན་སྲུང་ལས་ཀའི་གནས་ཚུལ་གྱི་སྙན་སེང་གནང་བ་རེད།ཁོང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་ལས་ཀར་མཐོང་ཆེན་བྱས་པ་དང་ཕྱོགས་ཡོངས་ནས་ཞིང་ཨུས་བོད་ཁུལ་ལས་ཀར་གནང་བའི་བཀོད་སྒྲིག་དོན་འཁྱོལ་མཐའ་ཕྱིར་བྱས་ཡོད་པ་དང་།བརྟན་སྲུང་ལས་ཀའི་འགོ་ཁྲིད་ཚོ་ཆུང་བཙུགས་ནས།ནན་ཏན་གྱིས་བརྟན་སྲུང་ལས་ཀར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་།སྟོབས་ཤུགས་གང་ཡོད་བཏོན་ནས་གཞི་རིམ་དུ་སྐྱོད་པ་དང་ལས་བྱེད་མི་སྣ་སྟོང་ཕྲག་འཐེན་སྐོང་བྱས་ནས་གྲོང་སྡེ་དང་ཁྱིམ་དུད་དུ་ཟབ་ཞུགས་བྱས་ཤིང་།དབུལ་སྐྱོར་དང་བརྟན་སྲུང་ལས་ཀ་དམ་འཛིན་བྱས་པ་དང་།དགོན་པའི་དོ་དམ་དང་ཞབས་འདེགས་ལས་ཀ་དམ་འཛིན་བྱས་པ།“ལུས་ཁམས་བདེ་ཐང་ཞབས་འདེགས་དགོན་པར་སྐྱོད་པའི་”བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ།སྒྲིག་ཁྲིམས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་ནན་ཏན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་བརྟན་བརླིང་སྲུང་སྐྱོང་ལས་འགན་དོན་འཁྱོལ་བྱས་པ།སྟོབས་ཤུགས་གང་ཡོད་བཏོན་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་གང་མགྱོགས་ཀྱིས་འཕེལ་རྒྱས་གཏོང་བ་དང་སྤྱི་ཚོགས་བདེ་འཇགས་འཆམ་མཐུན་བྱུང་བ།མི་རིགས་མཐུན་སྒྲིལ་ཡར་ཐོན་བྱུང་བའི་གནས་ཚུལ་ལེགས་པོ་ལ་ཁག་ཐེག་བྱས་ཡོད་ཅེས་བསྟན་པ།
ཀུའུ་ཁུན་གྱིས་གོམ་རིམ་རྗེས་མར་རང་ཁུལ་གྱིས་རྒྱུན་མཐུད་ནས་ཀྲུང་དབྱང་དང་ཞིང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་མཐའ་ཕྱིན་བྱེད་པ་དང་བརྟན་སྲུང་གི་ཕུགས་ཕན་རྐྱེན་སྲོལ་འཛུགས་སྐྲུན་དམ་འཛིན་བྱེད་པ།ནན་ཏན་གྱིས་མི་སྣ་དང་སྒྲིག་ཆས།འབྲེལ་ཡོད་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་།ནན་ཏན་གྱིས་བརྟན་སྲུང་ལས་འགན་དོན་འཁྱོལ་བྱེད་པ་དང་།ཕྱོགས་ཡོངས་ནས་བརྟན་སྲུང་ལས་ཀ་ཁག་ཡག་པོ་སྒྲུབ་ཏེ།རྒྱུན་མཐུད་ཀྱིས་བདེ་ཆེན་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་གནས་ཚུལ་གསར་པ་གཏོད་རྒྱུ་ཡིན་ཞེས་བསྟན་པ།
ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ཐིང་གི་ཐིང་ཀྲང་གཞོན་པ་ཁོན་ཅན་ཅུན་དང་།བདེ་ཆེན་ཁུལ་གྱི་འགོ་ཁྲིད་ཡུས་ཧྲིན་ཞང་།ཀྲང་ཝུན་ཏུང་།དབྱང་ཙི་ཅང་།ཧོ་ཀྲིན་ཏུང་བཅས་གྲོས་ཚོགས་སུ་ཞུགས་ཡོད་པ་དང་།རྫོང་(གྲོང་ཁྱེར་)ཨུའི་ཧྲུའུ་ཅི་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་གྲོས་ཚོགས་སུ་ཞུགས་ཡོད།
གྲོས་ཚོགས་ཀྱི་རྗེས་སུ།ཞིབ་འཇུག་བརྟག་དཔྱད་ཚོ་ཆུང་དང་བཅས་པས་ད་དུང་སུམ་རྩེན་གླིང་དང་དོན་གྲུབ་གླིང་དུ་ཞིབ་འཇུག་བརྟག་དཔྱད་གནང་བ་རེད།