སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བྱ་ཐབས་སྣ་ལྔ་སྤྱད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གསར་སྐྲུན་ལ་སྐུལ་འདེད་བཏང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་བའི་ལོ་ལྔའི་རིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བྱ་ཐབས་སྣ་ལྔ་སྤྱད་དེ་གཏིང་ཟབ་ཏུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གསར་སྐྲུན་ལ་སྐུལ་འདེད་བཏང་ཞིང་།གྲོང་ཁྱེར་ཡོངས་ཀྱི་མི་རིགས་སོ་སོའི་ཐུན་མོང་ལ་དབང་བའི་ཁྱིམ་གཞིས་མཛེས་པོ་ཞིག་འཛུགས་སྐྲུན་བྱས་ཡོད་པ་རེད།

      མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་ཕུགས་ཕན་རྐྱེན་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་བ།དུས་བཀག་ཏུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་མངོན་མེད་རྐྱེན་ངན་ལ་ལེབ་བཤེར་བྱས་པ།རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་གྲངས་ཉུང་མི་རིགས་དང་ཤེས་ཡོན་ཅན་དང་།ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་མཉམ་འབྲེལ་བྱེད་པའི་ལམ་ལུགས་བཙུགས་པ།ཡང་དག་པའི་ངང་མི་རིགས་སོ་སོའི་མང་ཚོགས་ཀྱི་ལུགས་མཐུན་ཞུ་གཏུག་དང་དམིགས་བསལ་གྱི་དགོས་མཁོ་ལ་ཐག་གཅོད་བྱས་པ།དེ་བཞིན་སྤྱི་ཚོགས་ཀྱི་བདག་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་གསར་གཏོད་བྱས་པ་རེད།

      ནན་ཏན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གསར་སྐྲུན་བྱེད་སྒོ་སྤེལ་བ།གསར་སྐྲུན་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་གསར་སྐྲུན་བྱེད་སྒོའི་རྣམ་པ་གསར་གཏོད་བྱས་པ།བྱེད་སྒོའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་།དཔེ་མཚོན་གྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ཡོད་ལ།གསར་སྐྲུན་བྱེད་སྒོ་ལས་ཁུངས་དང་ཁེ་ལས།ཤང་གྲོང་།སློབ་གྲྭ།དཔུང་སྡེ།ཆོས་ལུགས་བྱེད་སྒོ་སྤེལ་ས་བཅས་སུ་འབྱོར་བར་སྐུལ་འདེད་བཏང་བ།མི་རིགས་མཐུན་སྒྲིལ་སློབ་གསོའི་གནས་གཞི་བཙུགས་པ་དང་།གྲངས་ཉུང་མི་རིགས་གྱི་སྔོན་ཐོན་དཔེ་འོས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས།ཆོས་ལུགས་དད་མོས་ལ་བརྩི་འཇོག་གནང་བའི་ཁོར་ཡུག་ལེགས་པོ་ཞིག་བཙུགས་ཡོད།

      ཤུགས་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དུས་རབས་གྱི་བརྗོད་བྱ་གཙོ་བོ་དར་སྤེལ་བཏང་བ།རྒྱལ་གཅེས་རིང་ལུགས་ལྟེ་གནས་སུ་གྱུར་བའི་མི་རིགས་ཀྱི་སྙིང་སྟོབས་དང་བསྒྱུར་བཅོས་གསར་གཏོད་ལྟེ་གནས་སུ་གྱུར་བའི་དུས་རབས་དགོངས་དོན་དར་སྤེལ་བཏང་བ་དང་།མི་རིགས་སོ་སོའི་ཕུལ་བྱུང་ཅན་གྱི་སྲོལ་རྒྱུན་རིག་གནས་དང་སྙིང་སྟོབས་གཤིས་རྒྱུད་བརྒྱུན་འཛིན་དང་དར་སྤེལ་བཏང་བ།གང་ཐུབ་ཀྱིས་མི་རིགས་སོ་སོའི་མང་ཚོགས་ཀྱི་རང་ལ་ཡིད་ཆེས་ཀྱི་བསམ་པ་དང་སྤོབས་པ་ལ་སྐུལ་མ་བཏང་ཞིང་།བསམ་བློའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་གནས་རིན་ཐང་ལྟ་བ་དང་ཀྲུང་གོའི་ཕུགས་བསམ་སྣེ་ཁྲིད་དུ་གྱུར་བའི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་ཤིག་བཙུགས་པ།

      སྟོབས་ཤུགས་གང་ཡོད་བཏོན་ནས་གྲོང་ཁྱེར་དང་སྡེ་ཁུལ།གྲམ་སྡོད་མི་རིགས་ཀྱི་ལས་ཀ་ཡག་པོ་བསྒྲུབས་པ།གྲོང་ཁྱེར་གྱི་མི་རིགས་ལས་ཀའི་ལས་ཁུངས་བཙུགས་པ་དང་འཐུས་ཚང་དུ་བཏང་བ་དང་།གྲོང་ཁྱེར་གྲངས་ཉུང་མི་རིགས་ཀྱི་གཏན་ཁེལ་མེད་པའི་མི་གྲངས་ཀྱི་ཞབས་འདེགས་དོ་དམ་དང་མཐུན་སྦྱོར་མཉམ་ལས།སྤྱི་ཚོགས་ཞབས་འདེགས།ཁྲིམས་ལུགས་རོགས་སྐྱོར་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་བ།སྡེ་ཁག་སོ་སོས་གྲམ་སྡོད་མི་རིགས་ཀྱི་ལས་ཀར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བ་རེད།

      མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་བ།མི་རིགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་ལམ་ལུགས་དང་མི་རིགས་ལས་ཀའི་མཁས་པའི་འདྲི་རྟོག་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་།ཕན་ནུས་ལྡད་པོས་མི་རིགས་ལས་ཀའི་སྡེ་ཁག་གིས་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོང་བྱེད་པའི་ཞིབ་འཇུག་ཚན་ཁག་བཀོད་སྒྲིག་བྱེད་པའི་གནས་ཚུལ་འཚོལ་ཞིབ་བྱས་པ་དང་སྟོབས་ཤུགས་གང་ཡོད་བཏོན་ནས་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོང་བྱས་ཏེ།མི་རིགས་ཀྱི་སྐད་ཡིག་མྱུར་སྐྱོབ་དང་སྲུང་སྐྱོང་བྱེད་པ་དེ་དུས་ཡུན་རིང་པོ་ཞིག་གི་འཐབ་ཇུས་ལས་འགན་དུ་རྩིས་ཏེ་མཐོང་ཆེན་གནང་བ་རེད།