སེམས་ཀྱི་ཉི་ཟླ་ཡིས་རྫུན་རྫུས་ཞན་གསུམ་གྱི་ཐོན་རྫས་འབོར་ཚོ་ཞིག་མེད་པར་བཟོས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་3པའི་ཚེས་15ཉིན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཚོང་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་འཚོ་བའི་གད་སྙིགས་དབྱེ་སེལ་བཟོ་གྲྭ་ནས་2015ལོ་དང་ད་ལོའི་ཟླ་3པའི་ཚེས་15ཉིན་གྱི་སྔོན་རྩིས་ལེན་བྱས་པའི་རིན་གོང་སྒོར་ཁྲི་15ཙམ་ཟིན་པའི་རྫུན་རྫུས་ཞན་གསུམ་གྱི་ཐོན་རྫས་འབོར་ཚོ་ཞིག་མེད་པར་བཟོས་པ་རེད།

      མེད་པར་བཟོས་པའི་ཐོན་རྫས་ལ་རྫུན་རྫུས་ཞན་གསུམ་གྱི་བཟའ་ཆས་དང་འཛུགས་སྐྲུན་གྱི་རྒྱུ་ཆས།ཐ་མག་སོགས་སྣ་རིགས་བརྒྱ་ཙམ་ཡོད།ཉིན་དེར།གྲོང་ཁྱེར་ཚོང་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཁྲིམས་འཛིན་མི་སྣས་གྲོང་མི་ཚོ་ལ་རྣམ་པ་གསར་བའི་འཛད་སྤྱོད་དང་།རང་ཉིད་ཀྱིས་བདག་པོ་བྱེད་པ་ཞེས་པའི་དྲིལ་བསྒྲགས་ལག་དེབ་2000ལྷག་བཀྲམ་པ་རེད།

      སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཚོང་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་འགན་འཁུར་བས་རྒྱ་ཆེ་བའི་འཛད་སྤྱོད་བྱེད་མཁན་ལ་ཞུ་གཏུག་ཁ་པར་088712315དུས་རྒྱུན་དུ་རྒྱག་ཐུབ་པ་དང་དུས་ཐོག་ཏུ་འཛད་སྤྱོད་པའི་ཞུ་གཏུག་དང་ལེན་བྱེད་དེ།ཕན་ནུས་གང་ཡོད་བཏོན་ནས་འཛད་སྤྱོད་བྱེད་མཁན་གྱི་ཁེ་དབང་སྲུང་སྐྱོང་བྱེད་རྒྱུ་ཡིན་ཞེས་པའི་དྲན་སྐུལ་བཏང་བ་རེད།