ཐོལ་སྐྱེས་རང་བཞིན་གྱི་སྒལ་རུས་གཞོགས་འབུར་ནད་ཕོག་པའི་དབུལ་ཕོངས་སློབ་མ་55ལ་བཅོས་བསྲང་ཐོབ་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། གསར་འགོད་པས་མི་རབས་རྗེས་མར་སེམས་ཁུར་གནང་བའི་ལས་ཀའི་ཨུ་ལྷན་ནས་ཤེས་གསལ་བྱུང་དོན།ཉེ་བའི་ལོ་3རིང་།ཀྲུང་གོའི་སྤྱི་ཚོགས་ཕན་བདེའི་ཐེབས་རྩའི་ལྷན་ཚོགས་ཀྱིས་ཐེངས་གཉིས་བཀར་ནས།རང་ཁུལ་ཐོལ་སྐྱེས་རང་བཞིན་གྱི་སྒལ་རུས་གཞོགས་འབུར་ནད་ཕོག་པའི་དབུལ་ཕོངས་སློབ་མ་ཁྱོན་བསྡོམས་55ལ་བཅོས་རོགས་བྱས་པ་རེད།

      ཤེས་གསལ་བྱུང་དོན།2013ལོའི་ཚུན་དུ།ཀྲུང་གོའི་སྤྱི་ཚོགས་ཕན་བདེའི་ཐེབས་རྩའི་ལྷན་ཚོགས་ཀྱིས་སེམས་ཁུར་གནང་འོག་དང་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་གནང་བའི་ལས་ཀའི་ཨུ་ལྷན་གྱིས་འགོ་ཁྲིད་བྱས་པ་དང་ཞིང་ཆེན་སློབ་གསོ་ཐིང་དང་ཞིང་ཆེན་འཕྲོད་བསྟེན་ཐིང་གིས་ཤུགས་ཆེན་གྱིས་རོགས་སྐྱོར་བྱས་པ།བྱམས་བརྩེའི་ཁེ་ལས་ཡུན་ནན་མྰ་ལི་ཡ་སྨན་ཁང་གིས་བྱམས་བརྩེའི་རོགས་དངུལ་སྤྲད་པའི་འོགསྐྱོབ་རོགས་དང་དབུལ་སྐྱོར།བདེ་ཐང་།སྤྱི་ཕན་ཞེས་པའི་བརྗོད་བྱ་གཙོ་བོར་འཛིན་ནས།ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་16ལ་ཡུན་ནན་ཞིང་ཆེན་གྱི་སྒལ་རུས་གཞོགས་འབུར་ནད་ཕོག་པའི་དབུལ་ཕོངས་བྱིས་པ་བརྒྱ་ཙམ་ལ་སྨན་ཡོན་མི་དགོས་པའི་བཅོས་བསྲང་བྱེད་པའི་སྤྱི་ཕན་བྱེད་སྒོ་སྤེལ་བས།རང་ཁུལ་གྱི་སྒལ་རུས་གཞོགས་འབུར་ནད་ཕོག་པའི་དབུལ་ཕོངས་དབུལ་ཕོངས་སློབ་མ་55ལ་སྨན་བཅོས་བྱས་པ།

      2013ལོའི་ཟླ་10པར།རང་ཁུལ་དུ་སྤེལ་བའི་ཐེངས་དང་པོའི་སྒལ་རུས་གཞོགས་འབུར་བཅོས་བསྲང་བྱེད་པའི་སྤྱི་ཕན་བྱེད་སྒོའི་ཁྲོད་དུ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སློབ་འབྲིང་གསུམ་པར་ཡོངས་ཁྱབ་ཞིབ་བཤེར་བྱས་ནས་ནད་གཞི་གཏན་འཁེལ་བྱེད་པའི་ཐོལ་སྐྱེས་རང་བཞིན་གྱི་སྒལ་རུས་གཞོགས་འབུར་ནད་ཕོག་པའི་སློབ་མ་14ལ་སྨན་ཡོན་མི་དགོས་པའི་བཅོས་བསྲང་བྱས་པ།བཅོས་བསྲང་དུས་རིམ་ཁག་4བཀར་ནས་བཅོས་བསྲང་བྱས་ཤིང་།སློབ་མ་རེའི་སྨན་ཡོན་སྒོར་ཁྲི་3ནས་4བར་ཟིན་པ་དང་།སྨན་བཅོས་བྱས་ནས་ཕན་ནུས་ལེགས་པོ་ཐོབ་པ་རེད།

      2015ལོའི་ཟླ་1པོར།ཁུལ་དང་རྫོང་གྲོང་ཁྱེར་གི་མི་རབས་རྗེས་མར་སེམས་ཁུར་གནང་བའི་ལས་ཀའི་ཨུ་ལྷན་དང་སློབ་གསོ་ཅུས།འཕྲོད་བསྟེན་ཅུས་བཅས་ཀྱིས་སྒྲིག་འཛུགས་བྱས་པའི་འོགཡུན་ནན་མྰ་ལི་ཡ་སྨན་ཁང་སྒལ་རུས་བཅོས་བསྲང་ཚན་ཁག་གི་མཁས་པས་ཁུལ་མི་རིགས་སློབ་འབྲིང་གི་སློབ་མ་1792ལ་སྒལ་རུས་གཞོགས་འབུར་ནད་ལ་ཞིབ་བཤེར་ཐོག་མ་བྱས་ནས།སྒལ་རུས་གཞོགས་འབུར་ནད་ཕོག་པའི་སློབ་མ་67དུས་རིམ་དང་པོར་སློབ་མ་4གྱི་ནད་གཞི་གཏན་འཁེལ་བྱས་པ།

      མིག་སྔར།སྒལ་རུས་གཞོགས་འབུར་ནད་ཕོག་པའི་སློབ་མ་67ནང་།རྒྱུན་མཐུད་ཀྱིས་དུས་རིམ་དང་པོའི་སྒལ་རུས་གཞོགས་འབུར་ནད་ཕོག་པའི་སློབ་མ་4ལ་སྨན་བཅོས་བྱེད་པ་ལས་མ་གཏོགས་པར།རོགས་དངུལ་སྤྲད་ནས་སྨན་བཅོས་བྱེད་ཐུབ་པའི་སློབ་མ་40ཡིས་བཅོས་བསྲང་བྱེད་ཆས་གྱོན་ཡོད།སྐྱེས་ཐོབ་རང་བཞིན་གྱི་སྒལ་རུས་གཞོགས་འབུར་ནད་ཕོག་པའི་སློབ་མ་1ནི་ཐེངས་འདིར་སྨན་ཡོན་མི་དགོས་པའི་ནད་པར་གཏོགས་ཡོད།དེ་མིན་སྒལ་རུས་གཞོགས་འབུར་ནད་ཕོག་པའི་སློབ་མ་22ནི་སྨན་ཡོན་མི་ཆོག་པའི་རྐྱེན་གྱིས་བཅོས་བསྲང་བྱ་ཡུལ་ནང་ཞུགས་ཐུབ་མེད་པ་རེད།