སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་ཀྱི་བསྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།2016ལོར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་རྒྱལ་ཁབ་དང་ཞིང་ཆེན།ཁུལ་བཅས་ཀྱི་རིམ་པ་སོ་སོའི་སྨན་བཅོས་བསྒྱུར་བཅོས་ཀྱི་ལས་འགན་གཙོ་བོ་དོན་འཁྱོལ་བྱེད་པ་དང་།རྒྱུན་མཐུད་ཀྱིས་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་སྟེ།འཕྲོད་བསྟེན་ལས་རིགས་ཐོག་ཚན་རིག་ལ་བརྟེན་ནས་སྒུལ་ཤུགས་གསར་སྣོན་བྱེད་རྒྱུ་ཡིན་པ་རེད།

      གྲོང་ཁྱེར་འདིས་སྨན་བཅོས་འཕྲོད་བསྟེན་འཛུགས་སྐྲུན་གྱི་དངུལ་འཇོག་དང་དངུལ་སྡུད་ལམ་ལུགས་བསྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།དངུལ་འཇོག་དང་དངུལ་སྡུད་པའི་ཐབས་ལམ་རྒྱ་ཆེ་རུ་གཏོང་བ།གཞུང་སྒྲུབ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ནོར་དོན་དོ་དམ་ལམ་ལུགས་བསྒྱུར་བཅོས་དང་འཐུས་ཚང་དུ་གཏོང་རྒྱུ་ཡིན་པ་རེད།

      གཞུང་སྒྲུབ་སྨན་ཁང་གི་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་།གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སོ་སོས་མ་དངུལ་ཚང་མ་གཏོང་བ།ནོར་སྲིད་དང་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་འཕྲོད་བསྟེན་ལས་དོན་གྱི་ལས་ཁུངས་ཀྱི་གྲོན་དངུལ་དང་ལས་ཕྱོད་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

      གྲོང་ཁྱེར་དང་ཤང་དང་གྲོང་སྡེའི་གཅིག་འདྲིལ་དོ་དམ་གྱི་བསྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།གཞུང་སྒྲུབ་སྨན་ཁང་གི་ཐབས་ཇུས་འགོད་པ་དང་ཚོང་གཉེར་རྒྱག་པ།ལྟ་སྐུལ་དོ་དམ་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་ཡིན་པ་རེད།

      ཕྱོགས་ཡོངས་ནས་དམངས་བདེ་དང་དམངས་ཕན་གྱི་ཞབས་འདེགས་ལག་བསྟར་བྱེད་པ་དང་།རིམ་པ་བཀར་ནས་སྨན་བཅོས་བྱེད་པ།ཕྱོགས་གཉིས་བར་སྨན་ཁང་སྤོ་སྒྱུར་བྱེད་དེ་སྨན་བཅོས་བྱེད་པ།ཁ་ཆད་བྱས་ནས་སྨན་བཅོས་བྱེད་པ་སོགས་ཁྱབ་སྤེལ་གཏོང་སྟེ།མང་ཚོགས་ཀྱིས་སྨན་བཅོས་བྱེད་པར་སྟབས་བདེ་སྤྲོད་རྒྱུ་ཡིན་པ་རེད།

      ནད་ཆེན་ཕོག་པའི་དབུལ་ཕོངས་མི་སྣའི་མྱུར་སྐྱོབ་དང་རོགས་སྐྱོར་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།སྨན་བཅོས་དངུལ་སྤྲོད་བྱ་ཐབས་སྣ་མང་ཁྱབ་སྤེལ་གཏོང་རྒྱུ་ཡིན་པ་རེད།