ཡུལ་སྐོར་ལ་བརྟེན་ནས་བོད་རིགས་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      ཉེ་བའི་ལོ་འགའི་རིང་།བདེ་ཆེན་ཁུལ་གྱིས་ཡུལ་སྐོར་ལས་རིགས་དར་སྤེལ་གཏོང་བར་བསྟུན་ནས།རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བདེ་ཆེན་ཡུལ་སྐོར་གྱི་གནས་བབ་ལེགས་པོ་དམ་འཛིན་བྱས་པ་དང་།ཧུར་ཐག་གིས་ཡུལ་སྐོར་གྱི་རྣམ་པ་གསར་གཏོད་དང་འཚོལ་ཞིབ་བྱས་ཤིང་།ས་གནས་སོ་སོའི་མི་རིགས་ཀྱི་གོམས་སྲོལ་ལ་བརྟེན་ཏེ་ཤང་གྲོང་གི་ཡུལ་སྐོར་དར་སྤེལ་བཏང་བ་རེད།

      སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་སྡེའི་འོ་ནུབ་ཡུལ་མི་ཚོ་ཆུང་དེ་རྒྱལ་ལམ་214དང་ཉེ་ཞིང་།འགྲིམ་འགྲུལ་སྟབས་བདེ་པོ་ཡིན་པ།འོ་ནུབ་གྲོང་སྡེར་སླེབས་དུས།གྲོང་ཁའི་རླངས་འཁོར་བཞག་སར་ཡུལ་སྐོར་སྤྱི་སྤྱོད་རླངས་འཁོར་ཆེན་མོ་མང་པོ་བཞག་ཡོད་པ་དང་།བོད་རིགས་ཡུལ་སྐོར་སྣེ་ཤན་གྱིས་གོ་རིམ་ལྡན་པའི་ངང་ཡུལ་སྐོར་བ་སྣེ་ལེན་བྱས་པ་དང་།ཡུལ་སྐོར་བས་ཡུལ་སྐོར་སྣེ་ཤན་གྱིས་འགྲེལ་བཤད་བྱས་པའི་འོག   སེམས་ཀྱི་ཉི་ཟླའི་བོད་རིགས་མང་ཚོགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་རྒྱུས་ལོན་བྱས་པ་དང་པར་ཆས་ཀྱིས་བོད་ཡུལ་གྱི་མཛེས་ལྗོངས་དང་བོད་ལུགས་ཁང་པ།ཁང་པའི་ནང་གི་དུས་རྒྱུན་འཚོ་བའི་སྤྱོད་ཆས་དང་མཛེས་རྒྱན།འཛུགས་སྐྲུན་ཁྱད་ཆོས་སོགས་ཕབ་པའི་གནས་ཚུལ་མཐོང་ཐུབ།

      ཤེས་གསལ་བྱུང་དོན།འོ་ནུབ་ཡུལ་མི་ཚོ་ཆུང་གི་ཁྱིམ་དུད་40ཡི་ཡུལ་མི་ཡོངས་ཀྱིས་ཡུལ་སྐོར་གསར་གཏོད་ལ་བརྟེན་ནས་ཕྱུག་པོ་འགྱུར་ཏེ་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་ཐུབ་པ་རེད།

      ཡུལ་མི་ཚེ་རིང་བཀྲ་ཤིས་ཀྱིས་ཁང་པའི་ཐོག་ཤེལ་སྒོའི་ཉི་འོད་ཁང་པ་གསར་སྣོན་སྐྲུན་བཞིན་ཡོད།ཁོང་གིས་ཉེ་བའི་ལོ་འགའི་རིང་།ཡུལ་སྐོར་དར་སྤེལ་གཏོང་བར་བརྟེན་ནས།ཡུལ་མི་ཡོངས་ཀྱི་ཡོང་འབབ་རྒྱུན་མཐུད་ཀྱིས་སྤར་བ་དང་།ཡུལ་སྐོར་བ་ལ་ཡུལ་སྐོར་གཏོང་ཡུལ་ལེགས་པོ་ཞིག་འཛུགས་ཆེད།ད་ལོར་ངེད་ཚང་གིས་སྔོན་ཡོད་ཁང་པའི་ཐོག་ཤེལ་སྒོའི་ཉི་འོད་ཁང་པ་གསར་སྣོན་བྱེད་ཡོད་ཅེས་བཤད་བྱུང་།

      ཡང་ཐང་གྲོང་རྡལ་གནས་གསར་ཡུལ་མི་ཚོ་ཆུང་དེ་རྒྱལ་ལམ་214དང་ཉེ་ཞིང་རྒྱབ་ཕྱོགས་ནི་ཡང་ཐང་ཆུ་མཛོད་ཡིན་ཏེ།ཡུལ་མི་ཚོ་ཆུང་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལེགས་པོ་བྱུང་ཡོད།2014ལོའི་ཟླ་8པར་ཡང་ཐང་ཆུ་མཛོད་ནང་ཆུ་གསོག་པའི་ཚུན་དུ།ཡང་ཐང་གྲོང་རྡལ་སྲིད་གཞུང་དང་མཉམ་འབྲེལ་ཡུལ་མི་ཨུ་ལྷན་གྱིས་ཡུལ་མི་ཚོ་ཆུང་འདིའི་དོན་དངོས་དང་བསྟུན་ནས།གནས་གསར་ཡུལ་མི་ཚོ་ཆུང་གི་ཐོན་ལས་ཀྱི་རྣམ་པ་བསྒྱུར་བར་སྣེ་ཁྲིད་བྱས་ཏེ།གནས་གསར་ཡུལ་སྐོར་སྐྱེ་ཁམས་རིག་གནས་གྲོང་དུ་གསར་འཛུགས་བྱས་ཡོད།ཡུལ་སྐོར་གསར་གཏོད་བྱེད་པའི་ཁྲོད་དུ།གནས་གསར་ཡུལ་མི་ཚོ་ཆུང་གི་དམངས་སྡོད་ཁང་པའི་རྒྱ་ཁྱོན་ཆེ་བ་དང་འཛུགས་སྐྲུན་ཁྱད་ཆོས་འབུར་དུ་ཐོན་པ།དངོས་སུ་སྤྱོད་ཡུན་ཐུང་བ་སོགས་ཀྱི་གནས་ཚུལ་དམིགས་ཏེ།ཀུང་སི་ཡུལ་མི་ཚོ་ཆུང་ཞིང་དུདཀྱི་རྣམ་པ་འཚོལ་ཞིབ་བྱས་ནས་ཡུལ་སྐོར་རྣམ་གྲངས་ཀྱི་གསར་གཏོད་ལ་སྐུལ་འདེད་བཏང་ཞིང་།ཀུང་སིས་ཡུལ་སྐོར་བ་བོད་ཁྱིམ་དུ་ལྟ་སྐོར་བྱེད་པར་ཁྲིད་པ་དང་ཡུལ་མིས་ཡུལ་སྐོར་བར་སྣེ་ལེན་བྱེད་པ།དུས་མཚུངས་སུ་བོད་རིགས་རིག་གནས་གསར་གཏོད་བྱས་ནས།ཡུལ་སྐོར་བས་བོད་ཀྱི་རིག་གནས་ལ་སྔར་ལས་གཏིང་ཟབ་ཀྱིས་རྒྱུས་ལོན་བྱེད་དུ་འཇུག་པ་དང་ཡུལ་མིའི་ཡོང་འབབ་མཐོར་སྤར་རྒྱུ་མངོན་འགྱུར་བྱུང་ཡོད།

      ཡུལ་སྐོར་སྣེ་ཤན་སྒྲོལ་མས་མིག་སྔར་གནས་གསར་ཡུལ་མི་ཚོ་ཆུང་གི་ཡུལ་སྐོར་ད་དུང་གསར་གཏོད་བྱེད་རིམ་དུ་གནས་ཡོད་མོད།འོད་ཀྱང་གནས་གསར་གྲོང་སྡེར་ཡུལ་སྐོར་དུ་ཡོང་མི་ཉིན་བཞིན་མང་པོར་སོང་ཡོད།

      ཤེས་གསལ་བྱུང་དོན།2014ལོར་གནས་གསར་ཡུལ་མི་ཚོ་ཆུང་ཡོངས་ཀྱི་ཡོང་འབབ་སྒོར་ཁྲི་50ཟིན་པ་དང་2015ལོར་སྒོར་ཁྲི་60ལྷག་ཟིན་པ་རེད།

      གནས་གསར་གྲོང་སྡེའི་ཡུལ་མི་དབྱངས་འཛོམས་ཀྱིས་སྔོན་མར་ཁྱིམ་གང་གིས་ལོ་ཏོག་འཛུགས་པ་དང་གླ་རྒྱག་པ།ཤ་མོ་འཐུ་བར་བརྟེན་ནས་གསོག་པའི་ཡོང་འབབ་ཆེས་དམའ་ཞིང་།གྲོང་སྡེར་ཡུལ་སྐོར་གསར་གཏོད་བྱས་རྗེས།ཕྱིར་གླ་རྒྱག་ཏུ་འགྲོ་དགོས་མེད་དེ།ཁྱིམ་ནང་ཡུལ་སྐོར་བ་སྣེ་ལེན་བྱས་ནས་ཡོང་འབབ་ཡག་པོ་བླངས་ཐུབ་པ་རེད་ཅེས་བཤད་བྱུང་།