རང་ཁུལ་གྱིས་ཧུར་ཐག་ངང་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།(གསར་འགོད་པ།སྒྲོལ་མ་གཡང་མཚོ།)ཉེ་བའི་ལོ་འགའི་རིང་།རང་ཁུལ་གྱི་རིམ་པ་སོ་སོའི་ནགས་ལས་སྡེ་ཁག་གིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པའི་ཐབས་ཇུས་རྒྱུན་འཁྱོངས་བྱས་པ་དང་ནགས་ལས་ཀྱི་གལ་ཆེའི་ལས་གྲྭའི་འཛུགས་སྐྲུན་དམ་འཛིན་བྱས་པ།ནགས་ཚལ་གྱི་སྐྱེ་ཁམས་སྲུང་སྐྱོང་ལས་ཀ་ལ་སྣེ་ཁྲིད་བྱས་ནས།ཁུལ་ཡོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད།

        རིམ་པ་སོ་སོའི་ནགས་ལས་སྡེ་ཁག་གིས་ནན་ཏན་གྱིས་ནགས་ཚལ་ཐོན་རྫས་ཀྱི་ནགས་སྲིད་དོ་དམ་དང་རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་གྲྭའི་ཆབ་སྲིད་དམིགས་འབེན་ལས་འགན་གྱི་དོ་དམ་ལམ་ལུགས་དོན་འཁྱོལ་བྱས་པ་དང་།ལས་འགན་གཙོ་བོ་གསལ་འབེབས་བྱས་པ།རིམ་བཞིན་གྱིས་ལས་འགན་དོན་འཁྱོལ་བྱས་པ།ནགས་སྲིད་ཆེད་དོན་གྱི་ལེགས་སྒྲིག་བྱ་འགུལ་སོགས་ཀྱི་ལས་ཀ་བསྒྲུབས་ནས།སྔར་ལས་ལྷག་པར་ཐོན་ཁུངས་ནགས་སྲིད་དོ་དམ་དང་རང་བྱུང་ནགས་ཚལ་གྱི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད།2015ལོའི་ལོ་མཇུག་བར།ནགས་ལས་ཀྱི་སྲིད་འཛིན་གྱོད་དོན་ཁྱོན་བསྡོམས་ཁག་844ཞིབ་བཤེར་ཐག་གཅོད་བྱས་པ་དང་།རང་བྱུང་ནགས་ཚལ་མུའུ་ཁྲི་2826དོ་དམ་དང་སྲུང་སྐྱོང་བྱས་པ།ལོ་ལྔ་ཚན་བཅུ་གཉིས་པའི་སྐབས་ནགས་ལས་གནོད་ཡོད་སྐྱེ་དངོས་ཀྱི་འགོག་བཅོས་བྱས་ཚད་98%ཡན་ཟིན་པ་དང་ལྟ་ཞིབ་ཚད་ལེན་གྱི་ཁེབས་ཚད་94%ཟིན་པ་རེད།

        རང་ཁུལ་གྱི་རིམ་པ་སོ་སོའི་སྲིད་གཞུང་གིས་དོན་དངོས་ལ་བརྟེན་པ་དང་སྲུང་སྐྱོང་གཙོར་འཛིན་པ་དང་ལུགས་མཐུན་ངང་བེད་སྤྱོད་བྱེད་པའི་ཐབས་ཇུས་རྒྱུན་འཁྱོངས་བྱས་པ་དང་།ཧུར་ཐག་གིས་ཁོར་ཡུག་ཕྱོགས་བསྡུས་ལེགས་སྒྲིག་བྱས་པ།རི་སྐྱེས་སྲོག་ཆགས་སྲོང་སྐྱོང་བྱེད་པ་དང་རང་བྱུང་སྲོང་སྐྱོང་ས་ཁུལ་གྱི་འཛུགས་སྐྲུན་སོགས་གནད་ཆེའི་ལས་གྲྭའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཞིང་།དུས་མཉམ་དུ་རིམ་པ་སོ་སོའི་ནགས་ལས་སྡེ་ཁག་གིས་ཁུལ་ཡོངས་ཀྱིས་ཤིང་འཛུགས་ནགས་སྤེལ་དང་མཛེས་སྡུག་ལྡན་པའི་ཤང་གྲོང་འཛུགས་པར་སྣེ་ཁྲིད་བྱས་པ་དང་།ཧུར་ཐག་གིས་སྐྱེ་ཁམས་སླར་གསོ་བསྐྱར་འཛུགས་བྱེད་པར་སྐུལ་འདེད་བཏང་ཡོད།ལོ་ལྔ་ཚན་བཅུ་གཉིས་པའི་ཚུན་དུ།ཁུལ་ཡོངས་ཀྱིས་ཤིང་ཕྲུག་མུའུ་ཁྲི་107.28འཛུགས་པ་དང་རི་ཁུལ་གྱི་སྐྱེ་ཁམས་མུའུ་ཁྲི་12བདག་སྐྱོང་བྱས་པ།རྡོ་བྱེ་ཅན་དུ་འགྱུར་བ་མུའུ་ཁྲི་19.63བདག་སྐྱོང་བྱས་པ།ཁྱིམ་དུད་11400ཡི་རྫབ་རླངས་རྫིང་བུ་འཛུགས་སྐྲུན་དེ་ལེགས་གྲུབ་བྱུང་བ།ཁྱིམ་དུད་12800ཡི་ཤིང་བསྲིའི་ཐབ་ཀ་དང་ཉིན་ནུས་འཕྲུལ་ཆས་11499འཛུགས་པར་ལེགས་གྲུབ་བྱུང་བ།