རང་ཁུལ་གྱིས་“ཏང་གི་སྒྲིག་ཁྲིམས་དང་ཁྲིམས་ལུགས།ཚན་རིག་ཁྱབ་སྤེལ།ལོག་ཆོས་ལ་ངོ་རྒོལ་གཏོང་བའི་ཤེས་བྱ་སློབ་གྲྭར་འབྱོར་བའི་”བྱེད་སྒོ་སྤེལ་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་3པའི་ཚེས་26ཉིན།ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་ཁུལ་ཨུའི་ལོག་ཆོས་དོགས་ཟོན་དང་ཐག་གཅོད་གཞུང་ལས་ཁང་།ཁུལ་ཁྲིམས་འཛིན་ཅུས།ཁུལ་སློབ་གསོ་ཅུས།ཁུལ་ཚན་རྩལ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་།ཁུལ་ཕྱོགས་བསྡུས་བདག་སྐྱོང་གཞུང་ལས་ཁང་།ཁུལ་སྤྱི་བདེ་ཅུས།ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས།ཁུལ་ལོག་ཆོས་ལ་ངོ་རྒོལ་གཏོང་བའི་མཐུན་ཚོགས་ཀྱིས་སྤེལ་བའི་ཏང་གི་སྒྲིག་ཁྲིམས་སློབ་གྲྭར་འབྱོར་བ་དང་ཁྲིམས་ལུགས་ཤེས་བྱ་སློབ་གྲྭར་འབྱོར་བ།ཚན་རིག་ཁྱབ་སྤེལ་གྱི་ཤེས་བྱ་སློབ་གྲྭར་འབྱོར་བ།ལོག་ཆོས་ལ་ངོ་རྒོལ་གཏོང་བའི་ཤེས་བྱ་སློབ་གྲྭར་འབྱོར་ཏེ།བདེ་འཇགས་སློབ་གྲྭ་འཛུགས་པའི་” དྲིལ་བསྒྲགས་བྱེད་སྒོ་ཁུལ་མི་རིགས་སློབ་འབྲིང་དུ་སྤེལ་ཞིང་།དགེ་རྒན་དང་སློབ་མ་2200ཞུགས་ཡོད།

       བྱེད་སྒོའི་ཁྲོད་དུ།ལས་བྱེད་མི་སྣས་དགེ་རྒན་དང་སློབ་མ་ཚོ་ལ་ཏང་གི་སྒྲིག་ཁྲིམས་དང་དུག་འགོག འཇིགས་སྐུལ་དང་འགལ་བ། ལོག་ཆོས་དང་འགལ་བ།ནར་མ་སོན་པའི་བྱིས་པའི་སྲུང་སྐྱོང་བཅའ་ཁྲིམས།སློབ་གྲྭའི་བདེ་འཇགས།བཟའ་བཅའི་བདེ་འཇགས།མེ་སྐྱོན་རང་སྐྱོབ་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ནས།ཕན་ནུས་ཡོད་པའི་ངང་དགེ་རྒན་དང་སློབ་མའི་ཁྲིམས་སྐྱོང་འདུ་ཤེས་མཐོ་རུ་བཏང་བ་རེད།

       ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམསདེབ་60འགྲེམ་གཏོང་བྱས་པ་དང་།ཁུལ་ཨུའི་610གཞུང་ལས་ཁང་གིས་ཚན་རིག་བརྩི་བཀུར་བྱེད་དེ།ལོག་ཆོས་ལ་ངོ་རྒོལ་གཏོང་བའི་འབྲེལ་ཡོད་ཤེས་བྱ་དཔར་བའི་བྲིས་དེབ་1000སྤྲད་པ།ཁུལ་སྤྱི་བདེ་ཅུས་ཀྱིས་འགྲེམ་སྤང་6འགྲེམ་སྟོན་བྱས་པ་དང་སྤྱི་དམངས་ཀྱིས་འཇིགས་སྐུལ་འཇབ་རྒོལ་དང་འགོག་བཅོས་བྱེད་པའི་་ལག་དེབ་50དང་།འཇིགས་སྐུལ་ལ་ངོ་རྒོལ་གཏོང་བའི་ཤེས་བྱའི་དྲིལ་བསྒྲགས་དཔྱད་ཡིག་100ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་གཏོང་བའི་བཅའ་ཁྲིམས་100 འགྲེམ་གཏོང་བྱས་པ།ཁུལ་ཚན་རྩལ་མཐུན་ཚོགས་ཀྱིས་སློབ་གྲྭར་ཚན་རིག་ཁྱབ་སྤེལ་གྱི་ཡིག་རིགས་དེབ་200འགྲེམ་གཏོང་བྱས་པ་དང་བཟའ་བཅའི་བདེ་འཇགས་དང་སློབ་གྲྭའི་བདེ་འཇགས་ཤེས་བྱའི་འགྲེམ་སྤང་200བཀྲམ་པ།བཟའ་བཅའི་བདེ་འཇགས་ཤེས་བྱ་དང་སློབ་གྲྭའི་བདེ་འཇགས་ཤེས་བྱ།མེ་སྐྱོན་རང་སྐྱོབ་དང་མེ་སྐྱོན་ལས་ཐར་བའི་སྐོར་གྱི་ཤེས་བྱའི་ལག་དེབ་སོ་སོར་དེབ་2000འགྲེམ་གཏོང་བྱས་པ་རེད།