འཇོལ་རྫོང་གིས་དབུལ་སྒྲོལ་གྱི་ལོ་ལྔའི་བྱ་འགུལ་དམིགས་འབེན་གསལ་འབེབས་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

       སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།གསར་འགོད་པས་འཇོལ་རྫོང་གནད་འབིགས་དབུལ་སྐྱོར་འཛུགས་སྐྲུན་སྤྱི་ཁྱབ་བཀོད་འདོམས་པུའུ་ནས་ཤེས་གསལ་བྱུང་དོན།འཇོལ་རྫོང་གིས་གནད་འབིགས་དབུལ་སྐྱོར་གྱི་ལོ་ལྔའི་བྱ་འགུལ་ལ་མ་དངུལ་སྒོར་ཁྲི་391982.34གཏོང་ཞིང་།སྡེ་ཁག་གིས་མ་དངུལ་སྒོར་ཁྲི་356871.34གཏོང་བ་དང་ཁེ་ལས་ཀྱི་བདག་པོས་སྒོར་ཁྲི་1000གཏོང་བ།མང་ཚོགས་ཀྱིས་སྒོར་ཁྲི་34111རང་གྲབས་བྱེད་པའི་འཆར་གཞི་བཀོད་ཡོད།

       རྨང་གཞིའི་སྒྲིག་ཆས་ལ་མ་དངུལ་སྒོར་ཁྲི་169080.13གཏོང་བ།དེའི་ནང་འགྲོ་ལམ་བདེ་བགྲོད་ལས་གྲྭར་མ་དངུལ་སྒོར་ཁྲི་87625.28གཏོང་བ་དང་ཆུ་བེད་ལས་གྲྭར་མ་དངུལ་སྒོར་ཁྲི་61338.81གཏོང་བ།ཞིང་ཁའི་འཛུགས་སྐྲུན་ལ་མ་དངུལ་ལ་སྒོར་ཁྲི་16873.04གཏོང་བ།ཆ་འཕྲིན་གྱི་དྲ་ལམ་འཛུགས་པར་མ་དངུལ་སྒོར་ཁྲི་2843གཏོང་རྒྱུ་ཡིན་པ།

       ཐོན་ལས་ཀྱི་གསོ་སྐྱོང་ལ་མ་དངུལ་སྒོར་ཁྲི་20054.85གཏོང་བ།དེའི་ནང་ཀྲུང་ལུགས་སྨན་རྫས་ལ་མ་དངུལ་སྒོར་ཁྲི་6181.07གཏོང་བ་དང་།དཔལ་འབྱོར་ནགས་ཚལ་ལ་མ་དངུལ་སྒོར་ཁྲི་4713.31གཏོང་བ།སྔོ་ཚལ་འདེབས་འཛུགས་ཆུ་ཤོག་གུར་ཆེན་ལ་མ་དངུལ་སྒོར་ཁྲི་210གཏོང་བ།གསོ་སྤེལ་ལས་རིགས་ལ་མ་དངུལ་སྒོར་ཁྲི་1479.36གཏོང་བ།གནད་འབིགས་དབུལ་སྐྱོར་ལ་མ་དངུལ་སྒོར་ཁྲི་1550.11གཏོང་བ།ཐོན་ལས་མཉམ་ལས་ཧྲི་ལ་མ་དངུལ་སྒོར་ཁྲི་1310གཏོང་བ།གྲོང་གསེབ་ཀྱི་ཡུལ་སྐོར་ལ་མ་དངུལ་སྒོར་ཁྲི་4311གཏོང་བ།ཀོང་རྩེད་རའི་སྣུམ་ལྡན་སྐྱུ་རུའི་ལས་སྣོན་བྱེད་སར་མ་དངུལ་སྒོར་ཁྲི་300གཏོང་རྒྱུ་ཡིན་པ།

       འཚོ་གནས་ཁོར་ཡུག་གི་ཐད་དུ་མ་དངུལ་སྒོར་ཁྲི་176029.71གཏོང་བ།དེའི་ནང་སྐྱེ་ཁམས་ཡུལ་མིའི་གནས་སྤོར་མ་དངུལ་སྒོར་ཁྲི་156843.42གཏོང་བ་དང་།རྣམ་པ་གསར་པའི་གྲོང་གསེབ་འཛུགས་སྐྲུན་ལ་མ་དངུལ་སྒོར་ཁྲི་13738.61གཏོང་བ།ས་གཤིས་གནོད་སྐྱོན་ལ་མ་དངུལ་སྒོར་ཁྲི་5447.68གཏོང་རྒྱུ་ཡིན་པ།

       སྤྱི་པའི་ཞབས་ཞུ་མཐོར་འདེགས་ཀྱི་ཐད་ལ་མ་དངུལ་སྒོར་ཁྲི་176029.71གཏོང་བ།དེའི་ནང་སློབ་ན་མ་སོན་གོང་གི་སློབ་གསོ་ལ་མ་དངུལ་སྒོར་ཁྲི་5680གཏོང་བ་དང་།ལོ་དགུའི་འོས་འགན་སློབ་གསོའི་སློབ་གྲྭ་ལ་མ་དངུལ་སྒོར་ཁྲི་1710གཏོང་བ།འཕྲོད་བསྟེན་ཁང་འཛུགས་པར་མ་དངུལ་སྒོར་ཁྲི་1931གཏོང་བ།འཇོལ་རྫོང་ཀོང་རྩེད་ར་ཡན་ལག་སློབ་གྲྭར་མ་དངུལ་སྒོར་ཁྲི་8000གཏོང་བ།གྲོང་སྡེའི་ཡུལ་མི་ཚོ་ཆུང་གི་རིག་གནས་བྱེད་སྒོ་སྤེལ་སར་མ་དངུལ་སྒོར་ཁྲི་2915གཏོང་བ།ལན་ཆིའུ་སྤོ་ལོ་རྒྱག་སར་མ་དངུལ་སྒོར་ཁྲི་1566གཏོང་བ།གྲོང་སྡེའི་ཨུ་ལྷན་གྱི་འཛུགས་སྐྱོང་ལ་མ་དངུལ་སྒོར་ཁྲི་3266གཏོང་བ།ཞིང་གྲོང་གི་དངོས་སྤྱོད་ལག་རྩལ་ལ་མ་དངུལ་སྒོར་ཁྲི་1579.64གཏོང་བ།ལུས་རྩལ་ཡོ་བྱད་ལ་མ་དངུལ་སྒོར་ཁྲི་140གཏོང་བ།ཞིང་ལས་ཐོན་རྫས་ཀྱི་ཉོ་ཚོང་བྱེད་སར་མ་དངུལ་སྒོར་ཁྲི་30གཏོང་རྒྱུ་ཡིན་པ་རེད།