རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།རང་ཁུལ་གྱིས་བརྗོད་བྱ་གཙོ་བོ་“གསུང་རབ་ལ་ཡར་གཏོད་བྱེད་པའི”སྐབས་དང་པོའི་ལད་འབྲིའི་ཡིག་གཟུགས་འགྲེམ་སྟོན་བྱེད་འགོ་ཚུགས་ཤིང་།ལད་འབྲིའི་ཡིག་གཟུགས་ཁྱོན་བསྡོམས་57འགྲེན་སྟོན་བྱས་པ་རེད།
ཡིག་གཟུགས་དེ་དག་གཙོ་བོ་ནི་རང་ཁུལ་གྱི་ཡིག་གཟུགས་མཁན་པོའི་མཐུན་ཚོགས་ཀྱི་ཁོངས་མི་དང་ལས་བྲལ་ངལ་གསོའི་ལས་བྱེད་པ་རྒན་པ།ཁུལ་མི་རིགས་སློབ་འབྲིང་དང་སེམས་ཀྱི་ཉི་ཟླ་སློབ་འབྲིང་གི་སློབ་མ་བཅས་ཀྱིས་བྲིས་པ་རེད།བྱེད་སྒོ་འདི་འདྲ་སྤེལ་བའི་དམིགས་ཡུལ་ནི་རང་ཁུལ་གྱི་ཡིག་གཟུགས་དགའ་མིས་བྲིས་པའི་ལད་འབྲིའི་ཡིག་གཟུགས་འགྲེམ་སྟོན་བྱས་ནས།དམངས་ཡོངས་ཀྱིས་ཡིག་གཟུགས་འབྲི་རྩལ་སྦྱོང་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུ་དེ་རེད།
ཁུལ་རིག་གནས་ཁང་གི་ཀོན་ཀྲང་གཞོན་པ་ཀྲའོ་ཐན་ཡིའུ་ཡིས་ཐེངས་འདིའི་ལད་འབྲིའི་ཡིག་གཟུགས་འགྲེམ་སྟོན་གྱིས་རང་ཁུལ་གྱི་ཡིག་གཟུགས་དགའ་མིས་གནའ་བོའི་གྲགས་ཅན་གསུང་རབ་ཀྱི་ཡིག་གཟུགས་ལ་སློབ་སྦྱོང་བྱེད་པའི་གྲུབ་འབྲས་འགྲེན་སྟོན་བྱས་ནས།ཡིག་གཟུགས་དགའ་མི་ལ་ཡིག་གཟུགས་སློབ་སྦྱོང་བྱེད་ལམ་བསྟན་པ་དང་།གྲུབ་འབྲས་འགྲེན་སྟོན་བྱས་ནས།ཡིག་གཟུགས་དགའ་མིར་ཡིག་གཟུགས་ལེགས་སུ་འབྲི་བར་སྐུལ་མ་གཏོང་བ་དང་ཁོ་ཚོའི་ཡིག་གཟུགས་འབྲི་བའི་ཆུ་ཚད་མཐོ་རུ་གཏོང་ཐབས་བྱེད་རྒྱུ་ཡིན།ཐེངས་འདིའི་འགྲེམ་སྟོན་ནི་ཟླ་4པའི་ཟླ་མཇུག་བར་བྱེད་རྒྱུ་ཡིན་ཞིང་།རྒྱ་ཆེ་བའི་གྲོང་མིས་ལྟ་སྐོར་དང་སློབ་སྦྱོང་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད་པ།