རང་ཁུལ་གྱིས་ཀྲུང་ལུགས་སྨན་རྫས་ཀྱི་སྤུས་བཟང་འདེབས་ལས་རྟེན་གཞི་3གསར་དུ་གཏན་འཁེལ་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།རང་ཁུལ་གྱི་ཀྲུང་ལུགས་སྨན་རྫས་ཀྱི་རྟེན་གཞི་3ལ་ཡུན་ནན་ཞིང་ཆེན་གྱི་སྤུས་བཟང་འདེབས་ལས་རྟེན་གཞིར་གཏན་འཁེལ་བྱས་པ་རེད།

        གསར་དུ་གཏན་འཁེལ་བྱས་པའི་ཀྲུང་ལུགས་སྨན་རྫས་ཀྱི་གནས་གཞི་3ནི།བདེ་ཆེན་ཁུལ་མིན་སིན་ཞིང་ལས་གསར་གཏོད་ཚད་ཡོད་ཀུང་སིའི་འཇོལ་རྫོང་ཀྲུང་ལུགས་སྨན་རྫས་སྤུས་བཟང་གསོ་སྤེལ་རྟེན་གཞི་དང་།འབའ་ལུང་ལི་རིའི་ཀྲུང་ལུགས་སྨན་རྫས་ཚོང་གཉེར་ཚད་ཡོད་ཀུང་སིའི་འབའ་ལུང་ལི་རིའི་ཀྲུང་ལུགས་སྨན་རྫས་སྤུས་བཟང་གསོ་སྤེལ་རྟེན་གཞི།འབའ་ལུང་ཞིན་ཝུན་ཞིང་ཕྱུགས་ཐོན་རྫས་གསར་གཏོད་ཀུང་སིའི་འབའ་ལུང་རྫོང་པའོ་ཧོ་གྲོང་རྡལ་ཀྲུང་ལུགས་སྨན་རྫས་སྤུས་བཟང་གསོ་སྤེལ་རྟེན་གཞི་བཅས་རེད།

        ཤེས་གསལ་བྱུང་དོན།2012ལོར་ཡུན་ནན་ཞིང་ཆེན་ཚན་རྩལ་ཐིང་གིས་ཡུན་ནན་ཞིང་ཆེན་གྱི་སྤུས་བཟང་འདེབས་ལས་རྟེན་གཞིའི་གཏན་ཁེལ་བྱེད་པའི་ལས་ཀ་འགོ་ཚུགས་པའི་ཚུན་དུ།རང་ཁུལ་ལ་གཏན་ཁེལ་ཐོབ་པའི་སྤུས་བཟང་གནས་རྟེན་9ཡོད།སྤུས་བཟང་འདེབས་ལས་རྟེན་གཞི་གཏན་འཁེལ་བྱས་ནས།རང་ཁུལ་གྱིས་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་གཏོང་བ་དང་།ཞིང་ལས་ཚན་རྩལ་གསར་གཏོད་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ།དེང་རབས་གསོ་སྤེལ་ལས་རིགས་ཀྱི་འཕེལ་རྒྱས་མགྱོགས་སུ་གཏོང་བ།འདེབས་ལས་ཀྱི་འགྲན་རྩོད་ནུས་ཤུགས་མཐོ་རུ་གཏོང་བར་སྣེ་ཁྲིད་བྱེད་ནུས་ཡོད་པ་རེད།