རང་ཁུལ་གྱིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ལས་ཀ་ཡག་པོ་བསྒྲུབས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

       སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ད་ལོར།རང་ཁུལ་གྱིས་ནན་ཏན་ངང་ལས་ལམ་གསར་གཏོད་བྱས་ནས་ལས་ཞུགས་ལ་སྐུལ་འདེད་བཏང་བ་རྒྱུན་འཁྱོངས་བྱས་པ་དང་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་བྱ་བཞག་ལས་ཁུངས་ཀྱི་མི་དོན་ལམ་ལུགས་བསྒྱུར་བཅོས་བྱས་པར་སྐུལ་འདེད་གཏོང་བ།གཞུང་ཞུགས་མི་སྣའི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་སོགས་ཕྱོགས་9ནས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ལས་ཀ་ཡག་པོ་བསྒྲུབས་པ་རེད།

        གཅིག་ནས་ལས་ལམ་གསར་གཏོད་བྱས་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བར་རྒྱུན་འཁྱོངས་བྱས་པ།ཧུར་ཐག་གིས་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་པ་དང་ལས་ལམ་གསར་གཏོད་བྱས་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བར་རྒྱུན་འཁྱོངས་བྱས་ཤིང་།ལས་ཞུགས་གནས་ཚུལ་གྱི་སྤྱི་ཁོག་བརྟན་བརླིང་ལ་ཁག་ཐེག་བྱེད་པ།གཉིས་ནས་གཏིང་ཟབ་ཀྱིས་སྤྱི་ཚོགས་འགན་སྲུང་ལམ་ལུགས་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་བཏང་བ་དང་སྤྱི་ཚོགས་འགན་སྲུང་གི་ལམ་ལུགས་མགྱོགས་པོའི་ངང་འཐུས་ཚང་དུ་བཏང་ནས།སྤྱི་ཚོགས་ཀྱི་འགན་སྲུང་བདེ་འཇགས་ལ་ཁག་ཐེག་བྱེད་པ།གསུམ་ནས་གནད་ཆེའི་ཤེས་ལྡན་མི་སྣའི་ལས་གྲྭ་ལག་བསྟར་བྱས་ནས།ཤེས་ལྡན་མི་སྣའི་རུ་ཁག་གི་གྲངས་ཚད་འཕར་བར་སྐུལ་འདེད་གཏོང་བ།བཞི་ནས་བྱ་བཞག་ལས་ཁུངས་ཀྱི་མི་དོན་ལམ་ལུགས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས།ཕྱོགས་ཡོངས་ནས་དམག་བསྒྱུར་གྱི་བཀོད་སྒྲིག་ལས་འགན་ལེགས་གྲུབ་བྱེད་པ།ལྔ་ནས་བརྟན་བརླིང་ངང་གླ་ཕོགས་ཡོང་འབབ་བགོ་བའི་ལམ་ལུགས་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ནས།རྒྱུན་མཐུད་ཀྱིས་སྡོད་དམངས་ཀྱི་ཡོང་འབབ་ཆུ་ཚད་མཐོ་རུ་གཏོང་བ།དྲུག་ནས་གཞུང་ཞུགས་མི་སྣའི་དོ་དམ་ལམ་ལུགས་ཀྱི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས།བྱང་ཚད་མཐོ་བའི་གཞུང་ཞབས་མི་སྣའི་རུ་ཁག་འཛུགས་ཡོད།བདུན་ནས་ངལ་རྩོལ་འབྲེལ་བའི་མཐུན་སྦྱོར་ལམ་ལུགས་བཙུགས་ནས།ངལ་རྩོལ་པ་དང་ཁེ་ལས་ཕྱོགས་གཉིས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ།བརྒྱད་ནས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྤྱི་པའི་ཞབས་ཞུགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་མགྱོགས་པོར་གཏོང་བ།དགུ་ནས་ལོ་ངོ་ལྔ་ཚན་བཅུ་གསུམ་པའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་འཕེལ་རྒྱས་འཆར་འགོད་ཞིབ་འཇུག་དང་གཏན་འབེབས་བྱེད་ཡོད།

        ཤེས་གསལ་བྱུང་དོན།ན་ནིང་།ཁུལ་ཡོངས་ཀྱི་ལས་ཞུགས་གནས་བབ་སྤྱི་ཁོག་ལ་བརྟན་བརླིང་བྱུང་སྟེ།ལོ་ཧྲིལ་པོར་གྲོང་རྡལ་གྱི་ལས་ཞུགས་མི་སྣ་6086གསར་སྣོན་བྱས་པ།སྤྱི་ཚོགས་ཀྱི་འགན་བཅོལ་ཁེབས་ཚད་རྒྱུན་མཐུད་ཀྱིས་རྒྱ་སྐྱེད་དེ།ཁུལ་ཡོངས་ཀྱི་གྲོང་རྡལ་ཁེ་ལས་ཀྱི་ལས་བྱེད་པའི་གཞི་རྩའི་རྒན་གསོ་འགན་བཅོལ་དུ་ཞུགས་མི་ཁྲི་20.5ཡོད།ཁུལ་ཡོངས་ཀྱིས་གཞུང་ཞུབས་མི་སྣ་201སྡུད་པ་དང་།བྱ་གཞག་ལས་ཁུངས་ཀྱིས་ལས་བྱེད་མི་སྣ་གསར་པ་419སྡུད་པ།སྔར་ལས་ལྷག་པར་ངལ་རྩོལ་ཆིངས་ཡིག་གི་འགུལ་ཚུལ་ཅན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་རེད།