བདེ་ཆེན་ཁུལ་གྱིས་རིམ་པ་དང་སྣ་རིགས་སོ་སོའི་སློབ་གསོ་མཐུན་སྦྱོར་ངང་འཕེལ་རྒྱས་བཏང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། 2015ལོར།བདེ་ཆེན་ཁུལ་གྱིས་ནན་ཏན་ངང་འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་བ་དང་།ཧུར་ཐག་གིས་མཐོ་རིམ་སློབ་གསོ་དང་ལས་རིགས་སློབ་གསོ་འཕེལ་རྒྱས་བཏང་བ།དམངས་འཛུགས་སློབ་གསོའི་འཕེལ་རྒྱས་ཚད་ལྡན་དུ་བཏང་བ།ཚེ་གང་བོའི་སློབ་གསོའི་མ་ལག་བཙུགས་ནས།རིམ་པ་དང་སྣ་རིགས་སོ་སོའི་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

        ཤུགས་ཆེན་གྱིས་སློབ་ན་མ་སོན་གོང་གི་སློབ་གསོ་འཕེལ་རྒྱས་བཏང་བ།ཕྱོགས་ཡོངས་ནས་སློབ་ན་མ་སོན་གོང་གི་སློབ་གསོའི་ལོ་གསུམ་བྱ་འགུལ་གྱི་འཆར་འགོད་ལག་བསྟར་བྱས་པ་དང་ནན་ཏན་གྱིས་སློབ་ན་མ་སོན་གོང་གི་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།ལྟེ་གནས་བྱིས་གསོ་ཁང་15དང་གྲོང་སྡེ་རིམ་པའི་བྱིས་གསོ་ཁང་34ཡི་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱུང་བ།ཁུལ་ཡོངས་ཀྱི་སློབ་འགོ་ཚུགས་པའི་སློབ་ན་མ་སོན་གོང་གི་སློབ་གྲྭ་61ཟིན་པ།སློབ་ན་མ་སོན་གོང་གི་བྱིས་པ་7383ཟིན་པ་དང་ལོ་3ནས་ལོ་8བར་གྱི་བྱིས་པ་བྱིས་གསོ་ཁང་ནང་དུ་ཞུགས་ཚད་62.21%ཟིན་ཡོད།

        འབྲིང་རིམ་ལས་རིགས་སློབ་གསོའི་ཁྱད་ལྡན་འཕེལ་རྒྱས་ལེགས་སུ་བཏང་བ།མ་དངུལ་འཇོག་ཚད་མཐོ་རུ་བཏང་བ་དང་ཁུལ་མི་རིགས་ཆེད་ལས་སློབ་གྲྭའི་རླངས་འཁོར་བཟོ་བཅོས་སོགས་དངོས་སྦྱོང་རྟེན་གཞིའི་འཛུགས་སྐྲུན་མགྱོགས་སུ་བཏང་བ།རྒྱུན་མཐུད་ཀྱིས་རྒྱལ་ཁབ་ཀྱི་འབྲིང་རིམ་ལས་རིགས་སློབ་གསོའི་བསྒྱུར་བཅོས་འཕེལ་རྒྱས་དཔེ་སྟོན་སློབ་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།སེམས་ཀྱི་ཉི་ཟླ་ལས་རིགས་ལག་རྩལ་སློབ་གླིང་དང་ཁུལ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭས་ཅང་སུའུ་ནན་ཐུང་རང་བྱུང་དང་བཟོ་སྐྲུན་སློབ་གླིང་སོགས་འབྲིང་རིམ་དང་མཐོ་རིམ་ལས་རིགས་སློབ་གླིང་གི་མཉམ་ལས་ལ་སྣེ་ཁྲིད་དང་རོགས་སྐྱོར་བྱས།

        དམངས་འཛུགས་སློབ་གསོའི་འཕེལ་རྒྱས་ཚད་ལྡན་ཅན་དུ་བཏང་བ།ནན་ཏན་གྱིས་དམངས་འཛུགས་སློབ་གསོའི་ཞིབ་བཤེར་ཐོ་འགོད་དང་དགེ་རྒན་གྱི་གསོ་སྦྱོང་ཐད་ཀྱི་དྲང་པོའི་གླ་ཕོགས་དོན་འཁྱོལ་བྱས་པ།

        ཚེ་གང་བོའི་སློབ་གསོའི་མ་ལག་བཙུགས་པ།ཁུལ་ཡོངས་ཤང་གྲོང་གི་དར་མའི་རིག་གནས་སྒོབ་གྲྭ་21གིས་ཞིང་གྲོང་ངལ་རྩོལ་པའི་གནས་སྤོའི་གསོ་སྦྱོང་ལས་ཀ་བསྒྲུབས་ནས།ལོ་ཡོངས་ལ་གསོ་སྦྱོང་བྱས་པའི་ཞིང་པ་མི་ཐེངས་31392ཟིན་པ་དང་།དར་མའི་སློབ་ཐོན་སློབ་མ་568ཀྱི་སློབ་གཉེར་བརྒྱུད་རིམ་དཔང་ཡིག་གི་ཐོ་འགོད་དང་འཚོལ་ཞིབ་གདེང་འཇོག་ལས་ཀ་ལེགས་གྲུབ་བྱས་པ།

        སྔར་ལས་ལྷག་པར་མི་རིགས་ཀྱི་སློབ་གསོ་བྱེད་ཤུགས་ཆེ་རུ་བཏང་བ།ནན་ཏན་གྱིས་ཁུལ་ཡོངས་ཀྱི་སྐད་གཉིས་དགེ་རྒན་ཚང་མར་གསོ་སྦྱོང་བྱས་པ་དང་།ཧུར་ཐག་གིས་བོད་སྐད་ཡིག་གི་སྤུས་བཟང་སློབ་ཚན་གྱི་འགྲན་དང་།སྐད་གཉིས་སློབ་གསོའི་གསོ་སྦྱོང་བྱས་ཤིང་།དམའ་འབྲིང་སྦྱོང་ཚན་ཆུ་ཚད་ཀྱི་རྒྱུགས་ལེན་དང་བོད་སྐད་སློབ་ཚན་གྱི་སྤུས་ཚད་ལ་དབྱེ་ཞིབ་བྱས་པ་དང་།འོས་འགན་སློབ་གསོའི་དུས་རིམ་གྱི་བོད་སྐད་ཡིག་སློབ་ཚན་གྱི་ཚད་གཞི་ལག་བསྟར་བྱེད་ཚུལ་ལ་ཞིབ་འཇུག་བྱས་པ་རེད།