ཟླ་1པོ་ནས་ཟླ་10པའི་བར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གློག་མིན་པའི་བཟོ་ལས་ཀྱི་མ་དངུལ་གཏོང་ཚད་མཐོ་རུ་འཕར་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།2016ལོའི་ཟླ་1པོ་ནས་ཟླ་10པའི་བར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གློག་མིན་པའི་བཟོ་ལས་ཀྱི་མ་དངུལ་གཏོང་ཚད་མཐོ་རུ་འཕར་བའི་རྣམ་པ་ལེགས་པོ་ཞིག་རྒྱུན་འཛིན་བྱེད་ཐུབ་པ་རེད།

        ཤེས་གསལ་བྱུང་དོན།ད་ལོའི་ཟླ་1པོ་ནས་ཟླ་10པའི་བར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གློག་མིན་པའི་བཟོ་ལས་ཀྱི་མ་དངུལ་གཏོང་བ་དང་ལས་འགོ་ཚུགས་པའི་རྣམ་གྲངས་ཁག་16ཡོད།དེའི་ནང་མ་དངུལ་སྒོར་དུང་ཕྱུར་ཡན་གཏོང་བའི་རྣམ་གྲངས་1ཡོད་དེ།སྔོན་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར་26.8བཏང་བ་དང་དུས་མཉམ་ལས་41%འཕར་བ།ཕུའུ་ལང་གི་སྐབས་དང་པོའི་དངུལ་འཇོག་འཛུགས་སྐྲུན་རྣམ་གྲངས་རྒྱུན་མཐུད་ཀྱི་གྲོང་ཁྱེར་ཡོངས་བཟོ་ལས་དངུལ་འཇོག་གི་རོགས་སྐྱོར་དུ་གྱུར་ཡོད་དེ།མ་དངུལ་སྒོར་དུང་ཕྱུར་24.6བཏང་བ་དང་།སྤྱིའི་མ་དངུལ་གཏོང་ཚད་ཀྱི་91%བཟུང་བ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཞང་ཧོ་བཟས་ཆས་ཚད་ཡོད་འགན་ལེན་ཀུང་སིའི་ལས་སྣོན་མགྱོགས་འཁེང་གི་བེ་ཤ་རྒྱས་འཛུགས་རྣམ་གྲངས་ཀྱིས་དངུལ་འཇོག་སྒོར་ཁྲི་1135ལེགས་སྒྲུབ་བྱུང་བ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧྲེན་པའོ་བཟས་ཆས་ཕྱིན་གཏོང་ནང་འདྲེན་ཚད་ཡོད་འགན་ལེན་ཀུང་སིས་ཏུན་3000ཡི་བེ་ཤ་འཐུང་ཆུའི་ལས་སྣོན་རྒྱས་འཛུགས་ཀྱི་རྣམ་གྲངས་ཀྱིས་དངུལ་འཇོག་སྒོར་ཁྲི་1200ལེགས་སྒྲུབ་བྱུང་བ།ཧྲེན་ཡུས་ཐན་ཞང་འབྲི་གཡག་ཐོན་ལས་གསར་གཏོད་ཀུང་སིའི་འབྲི་གཡག་ཐོན་རྫས་ལས་སྣོན་འཛུགས་པའི་རྣམ་གྲངས་ཀྱིས་དངུལ་འཇོག་སྒོར་ཁྲི་4600ལེགས་སྒྲུང་བྱུང་བ།

        གྲོང་ཁྱེར་འདིས་2016ལོར་གློག་མིན་པའི་བཟོ་ལས་དངུལ་འཇོག་རྣམ་གྲངས་ལ་སྐུལ་འདེགས་གཏོང་ཕྱོགས་ལེགས་པ་དང་།ཁུལ་བཟོ་ལས་ཆ་འཕྲིན་ཅུས་ཀྱིས་འོག་རིམ་ལ་སྤྲད་པའི་སྒོར་དུང་ཕྱུར་28ཀྱི་དམིགས་འབེན་ལས་འགན་གྱི་95%ལེགས་གྲུབ་བྱུང་བ།སྔོན་རྩིས་ལྟར་ན་ལོ་མཇུག་ནང་ཕྱོགས་ཡོངས་ནས་གློག་མིན་པའི་བཟོ་ལས་ཀྱི་དངུལ་འཇོག་དམིགས་འབེན་ལས་འགན་ལེགས་གྲུབ་བྱུང་བའི་རེ་བ་ཡོད་པ་རེད།