འཇོལ་རྫོང་གིས་“གཤམ་སྤེལ་གསུམ་གྱི་” བྱེད་སྒོ་བསྡུས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།འཇོལ་རྫོང་གིས་2016ལོའི་རིག་གནས་དང་ཚན་རྩལ་འཕྲོད་བསྟེན།ཁྲིམས་སྐྱོང་གཤམ་སྤེལ་གསུམ་གྱི་བྱེད་སྒོ་ཐང་སྟེང་དང་བྲག་ཞབས།ཡན་མན།ཡུན་ལིན་སོགས་ཤང་གྲོང་རྡལདུ་འབྱོར་ནས།རྒྱ་ཆེ་བའི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོར་གྱུར་བ་དང་སྔར་ལས་ལྷག་པར་རྒྱ་ཆེ་བའི་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་མཐོ་རུ་གཏོང་བ་རེད།

        བྱེད་སྒོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་གནས་རིན་ཐང་ལྟ་བ་ལག་ལེན་བྱེད་པ་དང་ཕྱོགས་ཡོངས་ནས་འཇོལ་རྫོང་མཛེས་པོར་བཟོ་བའི་ལོ་ལྔའི་བྱེད་སྒོ་ལ་སྐུལ་འདེད་གཏོང་བ་དེ་བརྗོད་བྱ་གཙོ་བོར་འཛིན་པ་དང་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱི་ཉིན་བཞིན་འཕར་བའི་རིག་གནས་དང་ཚན་རྩལ་འཕྲོད་བསྟེན།ཁྲིམས་སྐྱོང་གི་དགོས་མཁོ་དམིགས་འབེན་དུ་གྱུར་ཞིང་།རྒྱ་ཁྱབ་ཏུ་མང་ཚོགས་ཀྱིས་དགའ་བའི་བྱེད་སྒོ་བསྡུས་ཏེ།རྫོང་ཡོངས་ཞིང་གྲོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཆམ་མཐུན་གྱིས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཡོད།

        ས་གནས་སོ་སོར་ཕེབས་ཏེ།ལས་བྱེད་མི་སྣས་རང་འགན་རང་ཁུར་བྱས་ཏེ།སྨན་པས་སྨན་ཡོན་མི་དགོས་པར་མང་ཚོགས་རྣམས་ལ་ཁྲག་ཤེད་ཚད་ལེན་བྱས་པ་དང་དུས་རྒྱུན་གྱི་འཚོ་བར་དོ་སྣང་བྱེད་དགོས་པའི་བཟའ་བཏུང་དང་ལུས་གསོའི་ཤེས་བྱ་སློབ་ཁྲིད་གནང་བ་རེད།ཁྲིམས་འཛིན་སུའོ་དང་སྤྱི་བདེ་མངག་གཏོང་ཁང་གིས་གོ་སླ་བའི་སྐད་ཆ་བཤད་དེ་ཉེས་ཁྲིམས་དང་གཉེན་སྒྲིག་བཅའ་ཁྲིམས་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་བྱས་པ།རྫོང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་གྱིས་དོན་དངོས་དང་བསྟུན་ནས་གནད་འཁེལ་དབུལ་སྐྱོར་དང་དམངས་ཕན་སྲིད་ཇུས་ཞིབ་ཕྲའི་ངང་འགྲེལ་བཤད་བརྒྱབ་པ་རེད།

        རིག་རྩལ་འཁྲབ་སྟོན་གྱིས་གཏམ་གླུ་འཁྲབ་སྟོན་ལ་བརྟེན་ནས་ཏང་གི་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་འཁྲབ་ཚན་ཆུང་བ་འཁྲབ་པར་བརྟེན་ནས་གནད་འཁེལ་དབུལ་སྐྱོར་གྱི་ལས་ཀ་དྲིལ་བསྒྲགས་བྱས་པས།མང་ཚོགས་རྣམས་ཀྱིས་རིག་རྩལ་འཁྲབ་སྟོན་ལ་ཤིན་ཏུ་དགའ་སུ་ཐོབ་པ་རེད།