རང་ཁུལ་གྱིས་ཐེངས་གསུམ་པའི་རྒྱལ་ཡོངས་ཞིང་ལས་ཡོངས་བཤེར་ཕྱོགས་བསྡུས་ཚོད་ལྟ་བྱེད་འགོ་ཚུགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།2016ལོའི་ཟླ་11པའི་ཚེས་18ཉིན་ནས་ཚེས་20ཉིན་བར།རང་ཁུལ་གྱིས་ཐེངས་གསུམ་པའི་རྒྱལ་ཡོངས་ཞིང་ལས་ཡོངས་བཤེར་ཕྱོགས་བསྡུས་ཚོད་ལྟ་བྱེད་འགོ་ཚུགས་པ་དང་ལས་དོན་གསོ་སྦྱོང་ཚོགས་འདུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་གྲོང་རྡལ་ནས་འཚོགས་པ།ཐེངས་འདིའི་ཕྱོགས་བསྡུས་ཚོད་ལྟ་དང་ལས་དོན་གསོ་སྦྱོང་ནི་རང་ཁུལ་གྱིས་ཞིང་གསུམ་ཡོངས་བཤེར་ལས་ཀ་ཕྱོགས་ཡོངས་ནས་འགོ་ཚུགས་པ་མཚོན་ཞིང་།སང་ལོའི་ཟླ་1པོའི་ཚེས་1ཉིན་ནས་རྒྱལ་ཡོངས་དང་མཉམ་དུ་དངོས་སུ་ཁྱིམ་དུད་ནང་ཞུགས་ཏེ་ཐོ་འགོད་བརྟག་དཔྱད་བྱེད་རྒྱུར་རྨང་གཞི་འདིང་བ་རེད།

        ཤེས་གསལ་བྱུང་དོན།ཞིང་ལས་ཡོངས་བཤེར་ནི་ཕྱོགས་ཡོངས་ནས་ཞིང་གསུམགྱི་འཕེལ་རྒྱས་འགྱུར་ལྡོག་རྒྱུས་ལོན་བྱེད་པའི་གལ་ཆེའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་སྟོབས་ཤུགས་ཀྱི་ཞིབ་བཤེར་ཞིག་རེད།ཐེངས་གསུམ་པའི་རྒྱལ་ཡོངས་ཞིང་ལས་ཡོངས་བཤེར་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཅིག་གྱུར་ངང་རྩ་འཛུགས་བྱེད་པ་དང་རང་རྒྱལ་གྱི་ཞིང་ལས་དང་ཞིང་གྲོང་།ཞིང་པའི་གཞི་རྩའི་གནས་ཚུལ་ཞིབ་རྩད་ཆོད་པ་དང་།ཞིང་གྲོང་ས་ཆའི་རྒྱུན་འཁོར་དང་ཞིང་ལས་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་གསར་པ་རྒྱུན་ལོན་བྱེད་པ།ཞིང་གྲོང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་ཞིང་པའི་འཚོ་བའི་འགྱུར་ལྡོག་གསར་པ་མཚོན་པ།ཚན་རིག་དང་མཐུན་པའི་ངང་ཞིང་གསུམསྲིད་ཇུས་གཏན་འབེབས་བྱས་པ་དང་རང་རྒྱལ་གྱིས་ཞིང་ལས་དེང་རབས་ཅན་དུ་འགྱུར་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྒྲུབ་རྒྱུར་གནད་ཆེའི་དོན་སྙིང་ཡོད།ཐེངས་འདིའི་ཡོངས་བཤེར་གྱི་ཚད་ལྡན་དུས་ཚོད་ནི་2016ལོའི་ཟླ་12པའི་ཚེས་31ཉིན་ཡིན་པ་དང་།དུས་སྐབས་ཀྱི་དཔྱད་ཡིག་ནི་2016ལོ་འཁོར་གྱི་དཔྱད་ཡིག་དེ་རེད།ཡོངས་བཤེར་བྱེད་ཡུལ་ནི་རང་རྒྱལ་གྱི་མངའ་ཁོངས་ནང་གནས་པའི་ཞིང་གྲོང་གི་ཁྱིམ་དུད་རེད།ཡོངས་བཤེར་བྱེད་པའི་ལས་རིགས་ནང་ལོ་ཏོག་འདེབས་འཛུགས་ལས་རིགས་དང་ནགས་ལས།ཕྱུགས་ལས།ཉ་ལས།ཞིང་ནགས་འབྲོག་ཉའི་ཞབས་འདེབས་ལས་རིགས་བཅས་གཏོགས་པ་རེད།

        ཁུལ་བསྡོམས་རྩིས་ཅུས་ཀྱི་འགན་འཁུར་བས་ཐེངས་གསུམ་པའི་རྒྱལ་ཡོངས་ཞིང་ལས་ཡོངས་བཤེར་ཐོག་རང་ཁུལ་གྱི་ཞིང་དུད་80499དང་ཞིང་ལས་ཐོན་སྐྱེད་བདག་གཉེར་ལས་ཁུངས་1500དང་།ཤང་དང་གྲོང་རྡལ་29ཡི་གྲོང་མི་ཨུ་ལྷན་192ཡོད་པ་དང་།ཡོངས་བཤེར་ཚོ་ཆུང་721བགོས་ནས་ཡོངས་བཤེར་བྱེད་ཡོད་ཅེས་བཤད།

        རང་ཁུལ་གྱི་རྫོང་གྲོང་ཁྱེརགསུམ་ནས་ཡོང་བའི་ཞིང་ལས་ཡོངས་བཤེར་ལས་བྱེད་པ་གཙོ་བོ་100ཐེངས་འདིའི་ཚོགས་འདུར་ཞུགས་པ་རེད།