ཡུན་ནན་ནང་བསྟན་སློབ་གླིང་བདེ་ཆེན་ཡན་ལག་སློབ་གླིང་གི་སློབ་དོན་དོ་དམ་ལས་འཛིན་ལྷན་ཚོགས་ཀྱི་ཐེངས་གསུམ་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།(གསར་འགོད་པ།སྒྲོལ་མ་གཡང་མཚོ།)ཟླ་11པའི་ཚེས་22ཉིན།རང་ཁུལ་གྱིས་ཡུན་ནན་ནང་བསྟན་སློབ་གླིང་བདེ་ཆེན་ཡན་ལག་སློབ་གླིང་གི་སློབ་དོན་དོ་དམ་ལས་འཛིན་ལྷན་ཚོགས་ཀྱི་ཐེངས་གསུམ་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་འཚོགས་པ།

        ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཁུལ་ནང་བསྟན་ལྷན་ཚོགས་ཀྱི་ཚོགས་གཙོ།ཡུན་ནན་ནང་བསྟན་སློབ་གླིང་བདེ་ཆེན་ཡན་ལག་སློབ་གླིང་གི་སློབ་དོན་དོ་དམ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་ཤར་རྩེ་བསྟན་འཛིན་ཆོས་འཕེལ་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ་རེད།

        ཤར་རྩེ་བསྟན་འཛིན་ཆོས་འཕེལ་གྱིས་གྲྭ་བ་ཚང་མས་ནན་ཏན་གྱིས་རྒྱལ་ཁྲིམས་སློབ་སྦྱོང་བྱེད་པ་དང་སྲུང་འཛིན་བྱེད་པ་དང་།ནང་བསྟན་གཞུང་ལུགས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་།གྲྭ་བ་ཚོས་ཕན་ཚུན་བར་མཐུན་སྒྲིལ་བྱེད་དེ་ནང་བསྟན་ལས་དོན་འཕེལ་རྒྱས་གཏོང་དགོས་པའི་བླང་བྱ་བཏོན་པའི་ལྷན་དུ།ད་དུང་ཡུན་ནན་ནང་བསྟན་སློབ་གླིང་བདེ་ཆེན་ཡན་ལག་སློབ་གླིང་གི་སློབ་དོན་དོ་དམ་ལས་འཛིན་ལྷན་ཚོགས་ཀྱི་ཉེ་བའི་ལོ་འགའི་རིང་ནས་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གནང་བ་རེད།

        ཚོགས་འདུའི་ཐོག  ཡུན་ནན་ནང་བསྟན་སློབ་གླིང་བདེ་ཆེན་ཡན་ལག་སློབ་གླིང་གི་ཏང་འཛུགས་ཧྲུའུ་ཅི་པའེ་ལིན་ཏའེ་ཡིས་ཚེས་21ཉིན་གྱི་གྲ་སྒྲིག་ཚོགས་འདུ་ཐོག་རྒྱུན་ལས་ལས་འཛིན་གྱིས་རིམ་པ་ཁག་གི་འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་སྡེ་ཁག་གི་འགོ་ཁྲིད་གཙོ་བོ་དང་།དགོན་པའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ལེགས་སྒྲིག་བྱེད་རྒྱུ་ཡིན་པ་དང་འགོ་ཁྲིད་འཛིན་པའི་འགོ་ཁྲིད་གསར་པ་ཡང་རྒྱུན་ལས་ལས་འཛིན་བཟུང་རྒྱུ་དེ་ཁྱབ་བསྒྲགས་བྱས་ཡོད།

        འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགན་འཁུར་བས་ཁུལ་ཡོངས་ཀྱི་དགོན་པ་ཁག་གིས་བོད་བརྒྱུད་ནང་བསྟན་སློབ་གླིང་དང་འབྲེལ་གཏུག་དམ་པོ་བྱས་ནས་ནང་བསྟན་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་།ཡུན་ནན་ནང་བསྟན་སློབ་གླིང་བདེ་ཆེན་ཡན་ལག་སློབ་གླིང་གིས་དོ་དམ་བྱེད་ཚད་མཐོ་རུ་བཏང་ནས་གྲྭ་བ་རྣམས་ལ་སློབ་སྦྱོང་བྱེད་ཡུལ་ལེགས་པོ་ཞིག་སྤྲོད་དགོས་པའི་བླང་བྱ་བཏོན་པ་དང་།ཡུན་ནན་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་ཨང་རྟགས་41གི་ཡིག་ཆ་བརྒྱུད་བསྒྲགས་གནང་བ་རེད།

        ཤེས་གསལ་བྱུང་དོན།2014ལོར་བདེ་ཆེན་ཡན་ལག་སློབ་གླིང་གི་སློབ་དོན་དོ་དམ་ལས་འཛིན་ལྷན་ཚོགས་བཙུགས་ནས།དགེ་རྒན་དང་སློབ་མ་རྣམས་ཀྱིས་ནན་ཏན་གྱིས་ཏང་གི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཀྱི་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་མཐར་ཕྱིན་བྱས་ནས།སློབ་གླིང་གི་བསྒྱུར་བཅོས་དོ་དམ་ལས་ཀར་གྲུབ་འབྲས་ཐོབ་ཡོད་པ་དང་།ཧུར་ཐག་གིས་སློབ་སྦྱོང་གི་དོ་དམ་དང་བསྒྱུར་བཅོས་བྱེད་པའི་ཉམས་མྱོང་དང་བྱ་ཐབས་གསར་པ་འཚོལ་ཞིབ་བྱས་ནས་ཕྱོགས་ཡོངས་ནས་གྲྭ་བ་ཚོའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་ཡོད་ལ།གོང་རིམ་སྡེ་ཁག་གིས་གདེང་འཇོག་ཐོབ་པ་རེད།