རྒྱལ་ཁབ་སྤྱི་གླིང་ལྟ་སྐུལ་ཞིབ་བཤེར་ཚོ་ཆུང་གིས་པོ་ཏ་མཚོའི་སྒྲིག་སྲོལ་ཚོད་ལྟ་ས་ཁུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་4པའི་ཚེས་22ཉིན་ནས་ཚེས་23ཉིན།རྒྱལ་ཁབ་ནགས་ལས་ཅུས་རྒྱལ་ཁབ་སྤྱི་གླིང་གྲ་སྒྲིག་ལས་ཀའི་འགོ་ཁྲིད་གཞུང་ལས་ཁང་གི་ཀྲུའུ་རེན་ཡན་ཞུན་དང་བཅས་པ་བདེ་ཆེན་ཁུལ་དུ་ཕེབས་ནས་ཡུན་ནན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་ཀར་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།


པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་ནུས་པའི་དབྱེ་ཁོངས་ས་རིས།

      ཡན་ཞུན་གྱིས་ཚོད་ལྟའི་ལས་ཀ་བྱེད་འགོ་ཚུགས་ནས་བཟུང་།ཡུན་ནན་ཞིང་ཆེན་དང་བདེ་ཆེན་ཁུལ་གྱིས་ཚོད་ལྟའི་ལས་ཀ་བྱེད་ཤུགས་ཆེ་རུ་བཏང་ནས།ཉམས་མྱོང་མང་ཙམ་ཐོབ་པ་དང་།ཁོང་གིས་གཅིག་ནས་ཚད་མཐོ་ཡིས་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ས་ཁུལ་གྱི་གནད་ཆེའི་དོན་སྙིང་ངོས་འཛིན་ཐུབ་དགོས།གཉིས་ནས་ད་ལྟའི་རྣམ་པ་ལྟར་སྐུལ་འདེད་གཏོང་བ།ད་ལྟའི་ཐབས་ལམ་ལྟར་རྣམ་གྲངས་ཡིག་ཐོག་སྙན་ཞུ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཤེས་གསལ་བྱུང་དོན།པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་ནི་རང་རྒྱལ་གྱི་མིག་སྔའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ས་ཁུལ་9ནང་གི་ཡ་རྒྱལ་གཅིག་ཡིན།དེ་ལས་གཞན་གཙང་གསུམ་གྱི་འབྱུང་ཁུངས་དང་།དོམ་ཁྲ།པེ་ཅིང་གི་ལྕགས་རི་རིང་པོ་དང་།སེམས་ཀྱི་ཉི་ཟླའི་པོ་ཏ་མཚོ་སོགས་ཡོད་པ་རེད། 

      པོ་ཏ་མཚོའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟ་ས་ཁུལ་ནི་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་གྱི་ནང་ཁོངས་སུ་ཡོད་ཅིང་།ཚོད་ལྟ་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་602.1ཡོད་པ་དང་།སྤྱི་གླིང་འདིའི་ཆ་སྙོམས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3500ལ་ཉེ་བ་ཡོད་པ་རེད།ས་གཤིས་དང་ས་དབྱིབས།མཚེའུ་འདམ་ར།ནགས་ཚལ་དང་སྤང་ཐང་།ལུང་གཞུང་དང་ཆུ་བོ།མཐོང་བར་དཀོན་པའི་སྲོག་ཆགས་དང་སྐྱེ་དངོས་སོགས་ཡོད་ཅིང་།གདོད་མའི་སྐྱེ་ཁམས་ཁོར་ཡུག་བདག་ཚགས་ལེགས་པོ་བྱས་ཡོད་པ་རེད། 

      ཚོད་ལྟ་ས་ཁུལ་ནི་སྲུང་སྐྱོང་ནན་ཏན་བྱེད་པའི་ས་ཁུལ་དང་ཁུལ་དང་སྐྱེ་ཁམས་གསོ་སྐྱོང་ས་ཁུལ།མགྲོན་པོ་ངལ་གསོ་དང་འགྲེམས་སྟོན་བྱེད་ས།སྲོལ་རྒྱུན་བེད་སྤྱོད་ས་ཁུལ་བཅས་བགོས་ཡོད་པ་དང་།ས་ཁུལ་སོ་སོའི་མཚམས་ཐིག་ནི་རི་རྩེ་དང་ཆུ་བོ།ལུང་གཞུང་སོགས་རང་བྱུང་གི་དབྱེ་མཚམས་རང་དུ་བྱས་ཡོད་པ་རེད།