ཁུལ་ཡོངས་ཀྱིས་ཕྱིར་གཏོང་ནང་འདྲེན་བསྡོམས་གྲངས་སྒོར་ཁྲི་6664ལེགས་གྲུབ་བྱུང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།འགག་སྒོའི་བསྡོམས་རྩིས་བྱས་པ་ལྟར་ན།2016ལོའི་ཟླ་1པོ་ནས་10པའི་བར་ཁུལ་ཡོངས་ཀྱིས་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་གྲངས་སྒོར་ཁྲི་6664(ཕབ་རྩིས་རྒྱག་ན་ཨ་རིའི་སྒོར་མོ་ཁྲི་980ཟིན་པ)ལེགས་གྲུབ་བྱུང་བ་དང་དུས་མཉམ་ལས་385.1འཕར་ཞིང་།དམིགས་འབེན་ལས་འགན་གྱི་377.1ལེགས་གྲུབ་བྱུང་བ་དང་།ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྤྲད་པའི་ཕྱིར་གཏོང་ནང་འདྲེན་གྱི་དམིགས་འབེན་ལས་འགན་ལས་བརྒལ་བ་རེད།དེའི་ནང་ཕྱིར་གཏོང་བསྡོམས་གྲངས་ནི་ཨ་རིའི་སྒོར་མོ་540ཡོད་དེ།སྔ་ལོ་ལས་288.5འཕར་བ།ནང་འདྲེན་བསྡོམས་གྲངས་ཨ་རིའི་སྒོར་མོ་440ཡོད་དེ།སྔ་ལོ་ལས་598.4འཕར་བ་རེད།

      ཟླ་1པོ་ནས་10པའི་བར།ཁུལ་ཡོངས་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་གྲུབ་འབྲས་ཁེ་ལས་མང་པོ་བསྣན་ཡོད།ཟླ་10པའི་ཟླ་མཇུག་གི་བར།ཁུལ་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་གྲུབ་འབྲས་མངོན་གྱུར་བྱུང་བའི་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་8ཡོད་པ་རེད།      བེ་ཤའི་ཐོན་རྫས་ཕྱིར་གཏོང་འབོར་གྲངས་འཕར་བར་བསྟུན་ནས།སྲོན་རྒྱུན་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཀྱང་མཐོ་རུ་འཕར་ཡོད།སྲོལ་རྒྱུན་ཕྱིར་གཏོང་ཐོན་རྫས་ནི་ཕྱིར་གཏོང་སྤྱི་གྲངས་གི་73འཛིན་པ་དང་།ད་ལོའི་ཐེངས་དང་པོར་ཕྱིར་གཏོང་མངོན་གྱུར་བྱུང་བའི་ཆང་དམར་ནི་ཕྱིར་གཏོང་སྤྱི་གྲངས་ཀྱི་26.5འཛིན་པ།ཁེ་ལས་ཕྱིར་གཏོང་གི་བསྡོམས་གྲངས་ལྟར་ན།ཐོན་རྫས་ཕྱིར་གཏོང་ཨ་རིའི་སྒོར་མོ་ཁྲི་100ལས་བརྒལ་བའི་ཁེ་ལས་2ལས་མེད་པ་རེད།