འཇོལ་རྫོང་གིས་ཞིང་ལས་ཡོངས་བཤེར་བྱེད་འགོ་ཚུགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།2016ལོའི་ཟླ་11པའི་ཚེས་28ཉིན་གྱི་སྔ་དྲོར།འཇོལ་རྫོང་གིས་ཐེངས་གསུམ་པའི་རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་བཤེར་བྱེད་འགོ་ཚུགས་པའི་ཚོགས་འདུ་འཚོགས་པ།

         ཤེས་གསལ་བྱུང་དོན།རྒྱལ་ཁབ་ཀྱིས་གཏན་འབེབས་བྱེད་པའི་དུས་ཚོད་དང་བྱེད་ཚད་ཀྱི་བླང་བྱར་གཞིགས་ནས།རྫོང་འདིས་ཡོངས་བཤེར་འགོ་ཁྲིད་ཚོ་ཆུང་འཛུགས་པ་དང་།ཡོངས་བཤེར་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང་གསར་འཛུགས་བྱས་པ།གྲོན་དངུལ་དོན་འཁྱོལ་བྱེད་པ་དང་ལས་འགན་གསལ་འབེབས་བྱེད་པ།ཚན་རིག་དང་མཐུན་པའི་ངང་དོ་དམ་ལམ་ལུགས་དང་ཡོངས་བཤེར་ཇུས་གཞི་ཁག་གཏན་འབེབས་བྱེད་པ།རྫོང་ཡོངས་ཀྱིས་ཁྱིད་དུད་100ཡིས་ཡོངས་བཤེར་སྡེ་ཁུལ་རེར་རྩིས་ནས།ཡོངས་བཤེར་སྡེ་ཁུལ་88བགོས་ཡོད།ཟླ་10པའི་ནང་ཤང་དང་གྲོང་རྡལ་དུ་ཡོངས་བཤེར་སྡེ་ཁུལ་བགོས་པ་དང་ཡོངས་བཤེར་སྡེ་ཁུལ་གྱི་ས་བཀྲ་བཟོ་བ་སོགས་ཀྱི་གྲ་སྒྲིག་ལས་ཀ་ལེགས་གྲུབ་བྱུང་བ་དང་།ཤང་དང་གྲོང་རྡལ་སོ་སོ་ལ་སྒོར་ཁྲི་2ཀྱི་ལས་བྱེད་གྲོན་དངུལ་སྔོན་སྤྲོད་བྱེད་པ་རེད།

         གྲོས་ཚོགས་ཀྱིས་ཡོངས་བཤེར་བྱེད་མིས་གང་ལེགས་ངང་ཐེངས་གསུམ་པའི་རྒྱལ་ཡོངས་ཞིང་ལས་ཡོངས་བཤེར་གྱི་གནད་ཆེའི་དོན་སྙིང་ངོས་འཛིན་བྱེད་དགོས་པ་དང་གོ་རིམ་ལྡན་པའི་ངང་སྐབས་སྔོན་གྱི་ལས་ཀ་ལ་སྐུལ་འདེད་གཏོང་དགོས་པ།རྩ་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཡོངས་བཤེར་ལས་འགན་གང་ལེགས་ཀྱིས་ལེགས་གྲུབ་བྱེད་དགོས་པའི་བླང་བྱ་བཏོན་པ།