ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སློབ་ཞུགས་རོགས་དངུལ་སྒོར་ཁྲི5.4བཏང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་དང་།སེམས་ཀྱི་ཉི་ཟླ་སློབ་འབྲིང་།ཁུལ་མི་རིགས་སློབ་འབྲིང་བཅས་ཀྱི་དབང་བོ་སྐྱོན་ཅན་སློབ་མ129དང་།དབུལ་ཕོངས་དབང་བོ་སྐྱོན་ཅན་གྱི་བུ་ཕྲུག་ལ་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སློབ་ཞུགས་རོགས་དངུལ་སྒོར་ཁྲི5.4འགྲེམ་གཏོང་བྱས། 

    ཐེངས་འདིར་རོགས་སྐྱོར་བྱ་ཡུལ་གཙོ་བོ་ནི་རང་ཉིད་དབང་བོ་སྐྱོན་ཅན་ཡིན་པ་དང་ཡང་ན་ཕ་མ་གཉིས་ཀྱི་གཅིག་དབང་བོ་སྐྱོན་ཅན་ཡིན་པའི་མཐོ་འབྲིང་རིམ་པའི་སློབ་ཞུགས་སློབ་མ་ཡིན།སློབ་གྲྭས་བརྟག་དཔྱད་དང་བསྡོམས་རྩིས།གོང་རིམ་ལ་སྙན་སེང་ཞུ་བ་དང་།ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གོ་རིམ་དང་ལྡན་པའི་ངང་སྙན་ཞུ་དཔྱད་ཡིག་ཞིབ་བཤེར་བྱས་ནས།དབང་པོ་སྐྱོན་ཅན་གྱི་སློབ་ཞུགས་རོགས་སྐྱོར་བྱེད་པའི་མིང་ཐོ་གཏན་འཁེལ་བྱས་པ་ཡིན།

   ཤེས་གསལ་བྱུང་དོན།དབང་པོ་སྐྱོན་ཅན་གྱི་སློབ་ཞུགས་ལ་རོགས་སྐྱོར་བྱེད་པ་ནི་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མི་གཞི་རྩར་འཛིན་པ་ལག་ལེན་མཐར་ཕྱིན་དང་།རང་ནུས་ཅི་ལྕོགས་ཀྱིས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་བྱ་བ་བཟང་པོ་སྒྲུབ་པ་དང་དོན་དངོས་སྒྲུབ་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན།དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནི་ཏང་དང་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་ལ་འབྲེལ་གཏུགས་བྱེད་པའི་སྒྲོག་ཐག་དང་ཟམ་པ་ལྟ་བུའི་ནུས་པ་ཐོན་ཐུབ་མཁན་ཡིན།ཏང་སྲིད་ཀྱི་ནུས་ཚད་དང་།དབང་བོ་སྐྱོན་ཅན་གྱི་དགོས་མཁོ།དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རང་ནུས་གང་ཡོད་ཀྱི་ཟུང་དུ་སྦྲེལ་བར་བརྟེན་ནས།ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་དང་།ལུས་གསོ།སློབ་གསོ།རིག་གནས།ལུས་རྩལ།དྲིལ་བསྒྲགས་སོགས་ཀྱི་ཕྱོགས་ལ་གཏིང་ཟབ་ཅིང་ཞིབ་ཚགས་པའི་བྱ་བ་མང་པོ་བསྒྲུབས་ཡོད།