རང་ཁུལ་གྱིས་དགུན་དུས་སློབ་གྲྭའི་བདེ་འཇགས་ལས་ཀ་བཀོད་སྒྲིག་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། 2016ལོར་ཁུལ་སློབ་གསོ་ཅུས་ཀྱིས་ཕྱོགས་ཡོངས་ནས་དགུན་དུས་སློབ་གྲྭའི་བདེ་འཇགས་ལས་ཀ་བཀོད་སྒྲིག་བྱས་ནས།སློབ་གྲྭ་སོ་སོས་རང་ཁུལ་གྱི་དགེ་རྒན་དང་སློབ་མའི་བདེ་འཇགས་དང་བདེ་བླག་འགན་སྲུང་བྱེད་དགོས་པ་དང་།སྔར་ལས་ལྷག་པར་བདེ་འཇགས་དང་འཆམ་མཐུན་ལྡན་པའི་དགུན་དུས་སློབ་གྲྭའི་ཁོར་ཡུག་ཅིག་འཛུགས་དགོས་པའི་བླང་བྱ་བཏོན་པ་རེད།

      གནས་བབ་གསལ་འབྱེད་བྱེད་པ་དང་ངོས་འཛིན་མཐོ་རུ་གཏོང་དགོས།ཁུལ་སློབ་གསོ་ཅུས་ཀྱིས་རྫོང་(གྲོང་ཁྱེར་)གི་སློབ་གསོ་ཅུས་དང་སློབ་གྲྭ་སོ་སོས་ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གནད་ཆེའི་མཛུབ་སྟོན་དགོངས་དོན་དང་ལི་ཁེ་ཆང་ཙུང་ལིའི་གནད་ཆེའི་མཆན་བཀོད་མཛུབ་སྟོན་གྱི་དོན་སྙིང་དོན་འཁྱོལ་མཐར་ཕྱིན་བྱས་ནས།ནན་ཏན་གྱིས་མངོན་མེད་རྐྱེན་ངན་འཚོལ་ཞིབ་བྱེད་པ་དང་།འཚོལ་ཞིབ་བྱེད་པར་བྱུང་བའི་གནད་དོན་ལ་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཏེ།སློབ་གྲྭའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས།

      འགུལ་སྤྱོད་མགྱོགས་པོ་བྱེད་པ་དང་།ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས།རྫོང་(གྲོང་ཁྱེར་)སོ་སོ་དང་སློབ་གྲྭ་ཁག་གིས་འགུལ་སྤྱོད་མགྱོགས་པོ་བྱས་ཏེ།ཕྱོགས་ཡོངས་དང་གཏིང་ཟབ་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོ་བྱེད་དགོས།

  སློབ་གྲྭའི་འགྲིམ་འགྲུལ་བདེ་འཇགས་ཀྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།ཆེད་དོན་སློབ་གསོ་སོགས་བྱེད་སྒོ་སྣ་མང་བསྡུས་ཏེ།འགྲིམ་འགྲུལ་བདེ་འཇགས་ཀྱི་རྒྱུན་ཤེས་སློབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་ཞིང་།སྔར་ལས་ལྷག་པར་དགེ་རྒན་དང་སློབ་མའི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་མཐོ་རུ་གཏོང་དགོས།

  སློབ་གྲྭའི་མེ་འགོག་མེ་གསོད་ཀྱི་བདེ་འཇགས་དོ་དམ་ཡག་པོ་བྱེད་དགོས།སློབ་གྲྭ་སོ་སོས་སྔར་ལས་ལྷག་པར་མེ་འགོག་མེ་གསོད་བདེ་འཇགས་ཀྱི་ལས་འགན་དོན་འཁྱོལ་བྱེད་པ་དང་།མེ་འགོག་མེ་གསོད་རྒྱུན་ཤེས་ཀྱི་འཆད་ཁྲིད་བསྡུས་པ་སོགས་ཀྱི་སྒོ་ནས།སྔར་ལས་ལྷག་པར་མེ་འགོག་མེ་གསོད་དང་སློབ་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།སློབ་གྲྭ་ཡོངས་ཀྱི་དགེ་རྒན་དང་སློབ་མའི་མེ་འགོག་མེ་གསོད་ཀྱི་བདེ་འཇགས་འདུ་ཤེས་མཐོ་རུ་གཏོང་དགོས།

      དམངས་བཙུགས་སློབ་གྲྭའི་བདེ་འཇགས་ལས་ཀ་དང་འཛུགས་སྐྲུན་རྣམ་གྲངས་འཛུགས་པའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།རྫོང་(གྲོང་ཁྱེར་)དང་གསར་སྤེལ་ཆུས་ཀྱིས་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་དམངས་འཛུགས་སློབ་གྲྭའི་བདེ་འཇགས་ལས་ཀ་དང་སློབ་གྲྭ་ཁག་གི་རྣམ་གྲངས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ནུས་ཡོད་ཀྱིས་བདེ་འཇགས་གྱོད་དོན་བྱུང་བར་སྔོན་འགོག་བྱེད་དགོས།

      ལས་འགན་འཁུར་བ་དང་བདེ་འཇགས་ལས་ཀའི་ལས་འགན་དོན་འཁྱོལ་བྱེད་དགོས།གོང་རིམ་གྱི་བླང་བྱར་གཞིགས་ནས།ཧུར་ཐག་གིས་བདེ་འཇགས་ལྟ་སྐུལ་བྱེད་སྒོར་ཞུགས་པ་དང་ཁུལ་ཡོངས་སློབ་གསོ་མ་ལག་ལས་ཀའི་ཆེད་དམིགས་ལྟ་སྐུལ་ལ་དམ་འཛིན་བྱེད་དགོས།སྔར་ལས་ལྷག་པར་ལས་རྗེས་བྱེད་ཤུགས་ཆེ་རུ་གཏོང་དགོས།