རང་ཁུལ་གྱིར་དངོས་ཟོག་སྐུར་བའི་ལས་རིགས་ཀྱི་དོ་དམ་ཚད་ལྡན་ཅན་དུ་བཏང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། 2016ལོར་ཁུལ་སྦྲག་སྲིད་དོ་དམ་ཅུས་ཀྱིས་ཁུལ་སྤྱི་བདེ་ཅུས།ཁུལ་ཕྱོགས་བསྡུས་ལེགས་སྒྲིག་གཞུང་ལས་ཁང་དང་མཉམ་འབྲེལ་བྱས་ནས།ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་དངོས་ཟོག་སྐུར་བའི་ལས་རིགས་ཀྱི་བདེ་འཇགས་དོ་དམ་ཆ་འཕྲིན་མ་ལག་ཁྱབ་སྤེལ་དང་འཛུགས་སྐྲུན་བྱས་ཏེ།དངོས་ཟོག་སྐུར་བའི་ལས་རིགས་ཆ་འཕྲིན་ཅན་གྱི་བདེ་འཇགས་དོ་དམ་མ་ལག་གི་འཛུགས་ཚད་དང་བེད་སྤྱོད་བྱེད་ཚད་མཐོ་རུ་བཏང་བ།

        《བདེ་ཆེན་ཁུལ་གྱིས་ཕྱོགས་ཡོངས་ནས་དངོས་ཟོག་སྐུར་བའི་ལས་རིགས་ཀྱི་བདེ་འཇགས་དོ་དམ་ཆ་འཕྲིན་མ་ལག་འཛུགས་པའི་ལས་ཀའི་ཇུས་གཞི་སྐོར་གྱི་བརྡ་ཁྱབའོག་རིམ་ལ་སྤྲད་དེ།ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར།གསར་སྤེལ་ཆུས་བཅས་ཀྱིས་ཕྱོགས་ཡོངས་ནས་དངོས་ཟོག་སྐུར་བའི་ལས་རིགས་ཀྱི་བདེ་འཇགས་དོ་དམ་ཆ་འཕྲིན་མ་ལག་གི་སྒྲིག་སྦྱོར་ལ་སྐུལ་འདེད་གཏོང་བ་དང་།སྟོབས་ཤུགས་གང་ཡོད་ཀྱིས་དངོས་ཟོག་སྐུར་བའི་ལས་རིགས་ཀྱི་100དངོས་མི་ལམ་ལུགས་ཀྱི་ལས་ཀ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་བ་རེད།

        ཟླ་11པའི་ཚེས་28ཉིན།ཁུལ་སྦྲག་སྲིད་དོ་དམ་ཅུས་ཀྱི་སྲིད་འཛིན་མི་སྣས་ཁེ་ལས་ཁག་ཏུ་ཟབ་ཞུགས་བྱས་ནས་དངོས་ཟོག་སྐུར་བའི་ལས་རིགས་ཀྱི་བདེ་འཇགས་དོ་དམ་ཆ་འཕྲིན་མ་ལག་གི་སྒྲིག་སྦྱོར་དང་བེད་སྤྱོད་ལ་འཐེན་ཞིབ་བྱས་པ།འཐེན་ཞིབ་དང་ལེན་ལས་ཁུངས་ཀྱི་ལས་བྱེད་མི་སྣའི་ལག་ཁྱེར་ཁ་པར་ཐོག་དངོས་ཟོག་སྐུར་བའི་ལས་རིགས་ཀྱི་བདེ་འཇགས་དོ་དམ་ཆ་འཕྲིན་མ་ལག་སྒྲིག་སྦྱོར་བྱས་ཡོད།

        རྗེས་མར།ཁུལ་སྦྲག་སྲིད་དོ་དམ་ཅུས་ཀྱིས་དངོས་ཟོག་སྐུར་བའི་ལས་རིགས་ཀྱི་བདེ་འཇགས་དོ་དམ་ཆ་འཕྲིན་མ་ལག་གི་སྒྲིག་སྦྱོར་དང་བེད་སྤྱོད་བྱེད་པའི་དུས་རྒྱུན་གྱི་ཞིབ་བཤེར་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།