སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཁྱོན་ཡོངས་ནས་གཞི་རིམ་གྱི་ཏང་འཛུགས་ཆུ་ཚད་མཐོ་རུ་གཏོང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཀྲུང་དབྱང་དང་ཞིང་ཆེན་གྱི་ནན་གྱིས་ཏང་སྐྱོང་བ་དང་།གཞི་རིམ་གྱི་ཏང་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་བཏོན་པའི་བླང་བྱ་གསར་བ་དང་།ལས་འགན་གསར་བ།ཁུལ་ཨུས་གསར་དུ་བཏོན་པའི་གཞི་རིམ་ཏང་འཛུགས་ལས་ཀའི1+X”བྱེད་ཐབས་དང་བསྟུན་ནས།གྲོང་ཁྱེར་འདིའི་གཞི་རིམ་ཏང་འཛུགས་ལས་ཀའི་ནང་བྱུང་བའི་རྨང་གཞི་བརྟན་པོ་མིན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ།ཇི་ལྟར་གོམ་གང་མདུན་སྤོས་ཀྱི་ལག་བསྟར་དོན་འཁྱོལ་བྱེད་པ་དང་།་གནས་པའི་གནད་དོན་དག་ཇི་ལྟར་དབྱེ་ཞིབ་དང་ཐག་གཅོད་བྱེད་པ།ཁྱོན་ཡོངས་ནས་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཏང་འཛུགས་ལས་ཀ་ཁག་ལ་བཀོད་སྒྲིག་བྱེད་པ་དང་།འགན་འཁྲི་དོན་འཁྱོལ་དམ་འཛིན་བྱེད་པ།ཕྱོགས་ཡོངས་ནས་གཞི་རིམ་ཏང་འཛུགས་སྐྱོང་བྱ་བའི་ཆུ་ཚད་མཐོ་རུ་གཏོང་བ་རེད།

གཙོ་གནད་འབུར་དུ་ཐོན་པ་དང་།བྱ་ཐབས་ཤུགས་ཆེ་རུ་བཏང་སྟེ་ཕྱོགས་ཡོངས་ནས་གཞི་རིམ་ཏང་འཛུགས་ལས་ཀའི་ཆུ་ཚད་མཐོ་རུགཏོང་བ།གྲོང་ཁྱེར་ཨུ་ལྷན་གྱི་གཙོ་གནད་འབུར་དུ་ཐོན་པ།རིགས་དབྱེ་ནས་སྐུལ་འདེད་གཏོང་བ།དཔེ་སྟོན་སྣེ་འཁྲིད་བྱེད་པསོགས་ལས་ཀའི་བསམ་ཕྱོགས་ལ་དམིགས་ནས།ལམ་ཐིག་གསུམ་དང་ལྟེ་བ་གཅིགསྒྲིག་གཞི་བྱས་ཏེལམ་ཐིག་གསུམ་དང་ལྟེ་བ་གཅིགགི་ཏང་འཛུགས་ལས་ཀ་ལག་བསྟར་བྱས་ལ།ས་ཁོངས་དབྱེ་བ་དང་།ཁྱབ་ཁོངས་དབྱེ་སྟེ་གཅིག་བསྡུས་ཀྱིས་གཞི་རིམ་ཏང་འཛུགས་ཀྱི་དཔེ་སྟོན་ས་ཚིགས་སྐོར་ཅིག་འཛུགས་པ།གཞི་རིམ་ཏང་རྩ་འཛུགས་བརྟན་པོ་འཛུགས་པ་དང་།ཏང་འཛུགས་ཀྱི་རྟགས་ཅན་གསོ་སྐྱོང་བྱེད་པ།བོད་ཁུལ་གྱི་ཁྱད་ཆོས་འགྲེམ་སྟོན་བྱས་ཏེ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་།གཙོ་བོ་ནི་ཞིང་གྲོང་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྤྱི་ཁོག་ནུས་པ་འབུར་དུ་ཐོན་པ་དང་།ལས་ཁུངས་དོན་ལས་སྡེ་ཁག་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་འཁྲི་འཁུར་བ་འབུར་དུ་ཐོན་པ།རྒྱལ་གཉེར་ཁེ་ལས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་གཙོ་བོ་འབུར་ཐོན་པ།རིགས་གཉིས་ཏང་རྩ་འཛུགས་ཀྱི་རྩ་འཛུགས་དང་ལས་ཀ་གཉིས་ཁེབས་པ་འབུར་དུ་ཐོན་པ།སློབ་གྲྭའི་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་བཏོན་པ་འབུར་དུ་ཐོན་པ་རེད།

འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ནུས་ཤུགས་མཉམ་འདོན་ནསསྐུལ་འདེད་བཏང་ནས་ཏང་འཛུགས་ལས་ཀ་དོན་འཁྱོལ་བྱུང་བར་ཁག་ཐེག་བྱས།ཏང་འཛུགས་ལས་ཀའི་འགན་འཁྲི་གསལ་འབེབས་བྱེད་པ་དང་ནན་ཏན་གྱིས་ཏང་འཛུགས་འགན་འཁྲི་ཐེག་ཁུར་བྱེད་པ་དང་།རིགས་དབྱེ་ནས་ལག་བསྟར་དང་མཛུབ་སྟོན་བྱས་ཞིང་།གཞི་རིམ་ཏང་འཛུགས་ཀྱི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར།དངུལ་འཇོག་བྱེད་ཤུགས་ཆེ་ཏུ་བཏང་ནས།གྲོན་དངུལ་འགན་སྲུང་ལམ་ལུགས་འཛུགས་པ།དཔྱད་ཞིབ་དང་དཔྱད་བསྡུར་གཟབ་ནན་བྱས་ནས།དཔེ་སྟོན་གསར་སྐྲུན་གཞི་རིམ་ཏང་འཛུགས་ལས་ཀའི་དམིགས་འབེན་དཔྱད་ཞིབ་ནང་འཇུག་པ།ཞིབ་བཤེར་བརྡ་ཁྱབ་ལ་ལྟ་སྐུལ་བྱས་ཏེ།གཞི་རིམ་ཏང་འཛུགས་ལས་ཀའི་གནས་ཚུལ་མཉམ་བཤད་མཉམ་འཇོག་མཉམ་ཞིབཀྱི་ནང་དོན་གཙོ་བོ་ནང་འཇུག་པ།དྲང་ཕྱོགས་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས།རྒྱ་ཁྱབ་ཏུ་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ཁྱེད་པའི་ཁྲོད་ཀྱི་དཔེ་མཚོན་ཉམས་མྱོང་དང་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་བྱས་ཏེ།མྱུར་མོ་དང་།རོགས་རམ།ཚད་བརྒལ་ལྡན་པའི་རྣམ་པ་ལེགས་པོ་ཞིག་འཛུགས་ཡོད།