རང་ཁུལ་གྱིས་ཡུལ་སྐོར་བདེ་འཇགས་ལ་ཆེད་དམིགས་ཞིབ་བཤེར་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཁུལ་ཡུལ་སྐོར་འཕེལ་རྒྱས་ཨོ་ལྷན་གྱིས་སྣེ་ཁྲིད་བྱས་པ་དང་།ཡུལ་སྐོར་སྲིད་འཛིན་སོགས་སྡེ་ཁག་གིས་མཉམ་འབྲེལ་སྲིད་འཛིན་ཚོ་ཆུང་སྒྲིག་འཛུགས་བྱས་ནས།ཡུལ་སྐོར་ལས་རིགས་ཀྱི་མ་ལག་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དམིགས་ཞིབ་བཤེར་བྱེད་པ་རེད།

     《བདེ་ཆེན་ཁུལ་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གི་ནན་ཏན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་སྲིད་གཞུང་གི་ཁུལ་སྲིད་འཛིན་བདེ་འཇགས་ཐོན་སྐྱེད་ལས་ཀའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་བརྡ་ཁྱབལ་གཞིགས་ནས།རང་ཁུལ་གྱིས་ད་དགུན་སང་དཔྱིད་ཀྱི་བདེ་འཇགས་ཐོན་སྐྱེད་ལས་ཀ་ཡག་པོ་སྒྲུབ་ཆེད།སྲིད་འཛིན་ཚོ་ཆུང་གིས་ཁུལ་ཡོངས་ཀྱི་ཡུལ་སྐོར་ལྗོངས་ཁུལ་7དང་ཚོང་ཁང་15ཡུལ་སྐོར་ལས་དོན་ཁང་27 སྐར་རིམ་མགྲོན་ཁང་35ལ་ཡུལ་སྐོར་གྱི་བདེ་འཇགས་ཐོན་སྐྱེད་ལས་ཀའི་ཞིབ་བཤེར་བྱས་པ།གཙོ་བོ་ནི་ཡུལ་སྐོར་ཁེ་ལས་ཁག་གི་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ལམ་ལུགས་དང་དུས་རྒྱུན་བདེ་འཇགས་ཞིབ་བཤེར་གྱི་ཐོ་འགོད་སོགས་ལ་ཞིབ་བཤེར་བྱས་པ།ཚོང་ཁང་སོགས་ཡུལ་སྐོར་བདག་གཉེར་བྱས་ས་དང་།ལྗོངས་ཁུལ་སོགས་ཀྱི་མེ་སྤྱོད་གློག་སྤྱོད་གནས་ཚུལ་ལ་ཡུལ་དངོས་སུ་ཞིབ་བཤེར་བྱེད་པ།གནས་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

        ཤེས་གསལ་བྱུང་དོན།ཐེངས་འདིའི་མཉམ་འབྲེལ་སྲིད་འཛིན་གྱི་དམིགས་ཡུལ་ནི་བདེ་ཆེན་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་ཀ་ཡག་པོ་སྒྲུབ་པ་རེད།རྗེས་མར་མཉམ་འབྲེལ་སྲིད་འཛིན་ཚོ་ཆུང་གིས་རང་ཁུལ་གྱི་ལྗོངས་ཁུལ་དང་མགྲོན་ཁང་།ཡུལ་སྐོར་ཚོང་ཁང་སོགས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་ཡུལ་སྐོར་གྱི་བདེ་འཇགས་ཐོན་སྐྱེད་ལ་ཆེད་མིགས་ཞིབ་བཤེར་བྱེད་རྒྱུ་རེད།