སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཡུལ་སྐོར་གསོ་སྦྱོང་བསྡུས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།2016ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཕྱི་དོན་དང་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་ཡུན་ནན་ནོར་སྲིད་དཔལ་འབྱོར་སློབ་ཆེན་དང་ཡུན་ནན་ཡུལ་སྐོར་ལས་རིགས་སློབ་གླིང་གི་དགེ་རྒན་གདན་འདྲེན་བྱས་ནས།སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་ནས་མངའ་ཁོངས་ཡོངས་ཀྱི་ཡུལ་སྐོར་དང་གྲོང་གསེབ་ཡུལ་སྐོར་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

         གསོ་སྦྱོང་ཐོག་མངའ་ཁོངས་ཡོངས་ཀྱི་ཡུལ་སྐོར་གྱི་རྒྱབ་ལྗོངས་དང་ནང་དོན།མངའ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་སོགས་འགྲེལ་བཤད་བྱས་པ་དང་།མིག་སྔར་གནས་པའི་གནད་དོན་དང་འཕེལ་རྒྱས་གཏོང་ཕྱོགས་དབྱེ་ཞིབ་བྱས་པ།གྲོང་གསེབ་ཀྱི་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་གཙོ་བོར་རྩིས་པའི་གྲོང་གསེབ་ཡུལ་སྐོར་མཉམ་འདྲེན་བདག་གཉེར་གྱི་རྣམ་པ་དང་ལག་ལེན་དཔེ་མཚོན་དང་བསྟུན་ནས།གསོ་སྦྱོང་གི་ཕན་ནུས་མཐོ་རུ་གཏོང་བ་རེད།

        དུས་ཡུན་ཉིན་2རིང་ལ།གསོ་སྦྱོང་ནང་ཞུགས་མིས་མངའ་ཁོངས་ཡོངས་ཀྱི་ཡུལ་སྐོར་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལ་ཕྱོགས་ཡོངས་ནས་ངོས་འཛིན་བྱུང་བ་དང་།སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ལས་རིགས་ལ་ཞབས་ཞུ་ཡག་པོ་བྱེད་རྒྱུར་ཕན་ནུས་བྱུང་བ་རེད།