ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཡིས་ལོ་གསུམ་ནང་སྒོར་དུང་ཕྱུར་40བཏང་ནས་མི་ཁྲི་4དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོར་ཡིག་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཨུད་གཞུང་ལས་ཁང་དང་ཀྲོའུ་སྲིད་གཞུང་གིས་《〈ཡུན་ནན་ཞིང་ཆེན་གྱི་དབུལ་སྐྱོར་གནས་སྤོའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བདེ་ཆེན་ཀྲོའུ་ཡི་ལག་བསྟར་ཇུས་གཞི་》པར་འགྲེམས་བྱས་པ་རེད། 《ཇུས་གཞིའི་》ནང་2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུའི་སྤྱིའི་དམིགས་ཚད་དང་2018ལོར་ཀྲོའུ་ཡོངས་ཀྱི་རྫོང་གཉིས་དང་གྲོང་ཁྱེར་གཅིག་གི་དབུལ་པོའི་ཞྭ་མོ་འབུད་ཐུབ་པ་བྱ་རྒྱུའི་དམིགས་ཚད་བླང་བྱར་དམ་པོར་དམིགས་ཏེ། 2016ལོ་ནས་བཟུང་གི་ལོ་གསུམ་ནང་འབད་བརྩོན་ལྷོད་མེད་བྱེད་པ་དང་། དངུལ་སྒོར་དུང་ཕྱུར་40(མང་ཚོགས་ཀྱིས་རང་གྲབས་བྱས་པ་ཚུད་པ)གཏོང་བ། སྣོད་བཅུད་ཡུལ་མི་གནས་སྤོ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་མི་ཁྲི་4ཡི་དབུལ་སྐྱོར་གནས་སྤོའི་ལས་འགན་ལེགས་པར་སྒྲུབ་པ་བཅས་ཀྱི་ཐོག་ནས་དབུལ་པོའི་ཞྭ་མོ་འབུད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཞེས་བཏོན་ཡོད་པ་རེད།
        《ཇུས་གཞིའི་》ནང་གཅིག་ནས་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་བ་བྱེད་དགོས་ཤིང་། དབུལ་ཕོངས་ཚང་མ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་དང་། དམངས་འཚོ་ལེགས་སུ་གཏོང་རྒྱུ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་བཅས་ཀྱི་དམིགས་ཚད་བླང་བྱ་གཞིར་བཟུང་བཀོད་སྒྲིག་བྱ་ཡུལ་གྱི་ཞིང་དུད་ཀྱི་བདེ་སྡོད་ཁང་པ་འཛུགས་སྐྲུན་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྤྱི་པའི་ཞབས་ཞུ། ཐོན་ལས་འཕེལ་རྒྱས། བྱང་ཚད་མཐོར་གཏོང་སོགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་སྡོད་ཁང་གསར་པ་དང་། གྲོང་ཚོ་གསར་པ། རྣམ་པ་གསར་པ། ཐོན་ལས་གསར་པ། འཚོ་བ་གསར་པ། འཕེལ་རྒྱས་གསར་པ་བཅས་ཡོང་བ་བྱེད་དགོས། གཞན་ཡང་རྣམ་གྲངས་བསྡུ་སྒྲིལ་དང་ལམ་སྲོལ་གསར་གཏོད་བྱེད་དགོས། གཉིས་ནས་གཅིག་གྱུར་འཆར་འགོད་དང་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱེད་དགོས་ཤིང་། འཆར་གཞི་སྔོན་ལ་འགོད་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་འཆར་གཞིར་བརྟེན་ནས་དབུལ་སྐྱོར་གནས་སྤོའི་ལས་དོན་ལ་སྣེ་ཁྲིད་བྱེད་དགོས་པ་དང་། རྫོང་དང་གྲོང་ཁྱེར་ཚན་པར་བྱས་ཏེ་དབུལ་སྐྱོར་གནས་སྤོའི་འཆར་གཞི་གཅིག་གྱུར་ཐོག་འཆར་འགོད་བྱེད་དགོས་པ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་དམིགས་ཚད་བླང་བྱ་དང་ཟུང་འབྲེལ་བྱེད་དགོས་པ། ཡུལ་བབ་དང་བསྟུན་རྒྱུ་དང་ཡུལ་བབ་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། གྲོང་ཚོ་གསར་པའི་བཀོད་པ་དང་། གྲོང་ཚོ་གསར་པའི་འཆར་གཞི། དམངས་ཁང་ཇུས་གཞི། གྲོང་ཚོའི་རྣམ་པ། ཐོན་ལས་འཕེལ་རྒྱས་བཅས་ལ་སྤྱི་འདོམས་ཡག་པོ་བྱེད་དགོས་པ་མ་ཟད། ད་དུང་ཚོད་ལྟའི་དཔེ་མཚོན་ལ་དམ་འཛིན་ཡག་པོ་དང་གོ་རིམ་ལྡན་པའི་སྒོ་ནས་སྒྲིག་འཛུགས་ལག་བསྟར་ཡང་བྱེད་དགོས། གསུམ་ནས་རྫོང་རིམ་པས་གཙོ་ཁྲིད་དང་དབང་ཆ་དང་ལས་འགན་གཅིག་མཐུན་ཡོང་བ་བྱེད་དགོས་ཤིང་། གནད་སྨིན་དབུལ་སྐྱོར་དང་དེ་བཞིན་འགན་འཁྲི་དང་། དབང་ཆ། ལས་འགན། མ་དངུལ་བཅས་བཞི་དམིགས་སའི་རྫོང་དུ་འབྱོར་པ་བྱེད་དགོས་པའི་སྒྱུར་བཅོས་བླང་བྱ་གཞིར་བཟུང་རྫོང་རིམ་པས་གཙོ་ཁྲིད་བྱེད་པ་དང་ཆབས་ཅིག དབུལ་སྐྱོར་གནས་སྤོའི་ལས་དོན་ཁག་གི་འགན་ཕྱོགས་ཡོངས་ནས་ཁུར་དགོས། བཞི་ནས་མང་ཚོགས་ཀྱིས་བྱེད་པོ་བྱེད་པ་དང་བྱེད་སྟངས་གསར་གཏོད་བྱེད་དགོས་ཤིང་། གྲུབ་ཆ་གཙོ་བོ་ཡིན་པའི་གནས་སྤོས་ཞིང་དུད་ཀྱི་གནས་བབ་ལ་བརྩི་འཇོག་བྱེད་དགོས་པ་དང་། ལག་བསྟར་བྱེད་པའི་རིང་ལ་གཅིག་གྱུར་འཆར་འགོད་དང་རང་སྐྲུན་གྱི་རྩ་དོན་གཞིར་བཟུང་མང་ཚོགས་ཞུགས་རྒྱུ་སྒྲིག་འཛུགས་བྱེད་དགོས། ལག་བསྟར་བྱས་རྗེས་རྫོང་དང་གྲོང་ཁྱེར་ཁག་གིས་དུས་ཐོག་ཏུ་སྒྲིག་འཛུགས་བྱས་ནས་ཞིབ་དཔྱད་རྩིས་ལེན་བྱེད་དགོས། གནས་སྤོ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ནང་མང་ཚོགས་ཀྱིས་དམངས་གཙོའི་ཐོག་ནས་ཐབས་ཇུས་གཏན་འབེབས་བྱེད་པ་དང་། དམངས་གཙོའི་ཐོག་ནས་དོ་དམ་བྱེད་པ། དམངས་གཙོའི་ཐོག་ནས་ལྟ་སྐུལ་བྱེད་པ་བཅས་ཀྱི་བྱེད་སྟངས་དང་བྱེད་ཐབས་གསར་གཏོད་བྱེད་དགོས། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱེད་པའི་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་བཏོན་ཡོད་པ་རེད།