རང་ཁུལ་གྱིས་ལྗང་མདོག་འཕེལ་རྒྱས་ལ་བརྟེན་ནས་དམངས་ཕྱུག་དང་ཁུལ་དར་སྤེལ་བཏང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        “དེ་སྔོན་རྩྭ་ཐང་ནས་ཕྱུགས་ཟོག་གསོ་བ་མ་གཏོགས་ཕྱུག་པོར་འགྲོ་ཐུབ་རྒྱུ་མེད་བསམ་པ།འོན་ཀྱང་ཉེ་བའི་ལོ་འགའི་རིང་གི་དོན་དངོས་གྱིས་རྩྭ་ཐང་སྲུང་སྐྱོང་ཡག་པོ་བྱས་ནས་ཡོང་འབབ་འཕར་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་དེ་ར་སྤྲོད་བྱས་ཡོད”ཅེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བཅིངས་བགྲོལ་གྲོང་སྡེའི་ཨུ་ལྷན་གྱི་ཡུལ་མི་བཀྲ་ཤིས་ཚེ་རིང་གི་མྱོང་ཚོར་འདི་ནི་རང་ཁུལ་གྱིས་“སྐྱེ་ཁམས་ལ་བརྟེན་ནས་ཁུལ་དར་སྤེལ་གཏོང་བའི”ཐབས་ཇུས་ལག་བསྟར་བྱེད་པ་དང་།“འཕེལ་རྒྱས་དང་སྐྱེ་ཁམས་”ཚད་གཞི་གཉིས་དམ་འཛིན་བྱས་ནས།སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་མཆོང་སྐྱོད་འཕེལ་རྒྱས་ཀྱི་ཐབས་ལམ་དུ་གྱུར་བའི་མཚོན་བྱེད་ཅན་གྱི་མཚོན་དཔེ་ཞིག་རེད།

        རང་བྱུང་ནགས་ཚལ་གཅོད་འགོག་བྱེད་པའི་ཚུན་དུ། རང་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་བཞག་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།རང་བྱུང་ཐོན་ཁུངས་དང་ཁོར་ཡུག་སྤུས་ཚད། སྐྱེ་ཁམས་སྲུང་སྐྱོང་བཅས་དམ་འཛིན་བྱེད་པ་དང་།རྒྱུན་མཐུད་ཀྱིས་ཞིང་དོར་ནགས་སྤེལ་དང་ཕྱུགས་དོར་རྩྭ་སྤེལ། རང་བྱུང་ནགས་ཚལ་སྲུང་བ། ས་ཞིང་ལེགས་བཅོས་སོགས་སྐྱེ་ཁམས་ཁོར་ཡུག་གི་ལེགས་བཅོས་ལས་གྲྭ་འབོར་ཐེངས་ཤིག་ལག་བསྟར་བྱེད་པ་དང་།ནགས་ཚལ་བདེ་ཆེན་དང་སྐྱེ་ཁམས་གྲོང་གསེབཀྱི་འཛུགས་སྐྲུན་སོགས་ལག་བསྟར་བྱེད་པ།རློན་སའི་སྐྱེ་ཁམས་སྲུང་སྐྱོང་དང་ས་ཆུ་སྲུང་འཛིན་སོགས་སྐྱེ་ཁམས་ཀྱི་ཕན་ནུས་དང་ཐོན་ཁུངས་གསར་གཏོད་ཀྱི་སྐྱེ་ཁམས་ཁ་གསབ་ཚོད་ལྟ་བྱེད་ས་དོན་འཁྱོལ་བྱེད་པ།ཁོར་ཡུག་ཕྱོགས་བསྡུས་ལེགས་བཅོས་དང་མཛེས་པའི་བདེ་ཆེན་འཛུགས་པའི་བྱ་འགུལ་སོགས་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་ནན་ཏན་གྱིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་རེད།མིག་སྔར། རང་ཁུལ་གྱི་ནགས་ལས་ས་ཆ་སྤྱི་ཆིང་ཁྲི་180ལྷག་ཡོད་དེ། རྒྱལ་ཁབ་ཀྱི་མངའ་ཁོངས་ཀྱི་81.31%འཛིན་ཡོད་པ་དང་།ནགས་ཚལ་གྱི་ཁེབས་ཚད་ལོ་ལྔ་ཚན་བཅུ་གཉིས་པའི་ཐོག་མའི་འཆར་གཞིའི་63%ནས་མིག་སྔའི་73.95%རུ་འཕར་བ།

        “སྐྱེ་ཁམས་ལ་བརྟེན་ནས་ཁུལ་དར་སྤེལ་གཏོང་བའིཐབས་ཇུས་རྒྱུན་མཐུད་ཀྱིས་སྐུལ་འདེད་གཏོང་བ་དང་བསྟུན་ནས།མིག་སྔར་རང་ཁུལ་ལ་རྒྱལ་ཁབ་དང་ཞིང་ཆེན་གྱི་སྙན་གྲགས་ཀུན་ཁྱབ་ཀྱི་ཚོང་རྟགས་དང་གྲགས་ཅན་ཚོང་རྟགས།སྤྱི་གནོད་མེད་པའི་དཔང་བདེ་ར་སྤྲོད། སྐྱེ་ལྡན་ དཔང་བདེན་ར་སྤྲོད།ཐོག་མའི་ཐོན་སའི་དཔང་བདེན་ར་སྤྲོད་བཅས་80ལྷག་ཡོད།འདི་ཡིས་མང་ཚོགས་ཀྱི་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པའི་དུས་མཚུངས་སུ། ཁུལ་ཡོངས་ཀྱི་རྣམ་པ་གསར་བའི་བཟོ་ལས་ཅན་གྱི་འཕེལ་རྒྱལ་ལ་རྨང་གཞི་ཡག་པོ་བཏིང་ཡོད།

        རང་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་གི་འགག་སྒོ་དམ་འཛིན་བྱེད་པ་ དང་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཐབས་ལམ་ཡང་དག་པར་འཛིན་པའི་དཔལ་འབྱོར་དང་སྐྱེ་ཁམས། སྤྱི་ཚོགས་ཀྱི་འཕེལ་རྒྱལ་རྣམ་པའི་སྒོ་ནས། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་བཏང་བ།2011ལོ་ནས་2014ལོའི་བར། རང་ཁུལ་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་71.98ནས་སྒོར་དུང་ཕྱུར་129.6ལ་འཕར་བ་དང་།སྐྱེ་དངོས་ཐོན་ལས་ཀྱི་སྤྱིའི་ཐོན་ཚད་སྒོར་དུང་ཕྱུར་22.72ནས་སྒོར་དུང་ཕྱུར་38ལ་འཕར་བ།ཞིང་པ་རེའི་ཆ་སྙོམས་ཀྱི་ཡོང་འབབ་རྐྱང་པ་སྒོར་3300ལྷག་ནས་སྒོར་5800ལྷག་ལ་འཕར་བ། ཞིང་གྲོང་གི་དབུལ་ཕོངས་མི་གྲངས་ཁྲི་19ལྷག་ནས་ཁྲི་10ལྷག་ལས་མེད་པར་བཟོས་པ།དབུལ་ཕོངས་བྱུང་ཚད་63.7%ནས་36.38%དུ་དམའ་རུ་བཏང་ཞིང་། དབུལ་ཕོངས་མི་གྲངས་ལ་སྐྱེ་ཁམས་སྲུང་སྐྱོང་གིས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་ནུས་དངོས་པོ་ཐོབ་པར་ཁག་ཐེག་བྱས།