རང་ཁུལ་གྱིས་ཕྱི་རྒྱལ་དུ་འགྲོ་བའི་དངུལ་རྩའི་ཞབས་འདེགས་ལྟེ་གནས་དང་པོ་བཙུགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། 2015ལོའི་ཟླ་12པའི་ཚེས་30ཉིན། རང་ཁུལ་དངུལ་ཁང་ལས་རིགས་ཀྱི་ཕྱི་རྒྱལ་དུ་འགྲོ་བའི་དངུལ་རྩའི་ཞབས་འདེགས་ལྟེ་གནས་དང་པོ་དེ་ཀྲུང་གོའི་དངུལ་ཁང་བདེ་ཆེན་ཁུལ་ཡན་ལག་དངུལ་ཁང་ནས་སྒོ་བྱང་བཀལ་ཏེ་བཙུགས་པ།

         རྒྱ་ཆེ་བའི་མཁོ་མཁན་ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་བ་དང་ཡུལ་སྐོར་གཏོང་བ།  མ་དངུལ་གཏོང་བ། ཚོང་རྒྱག་པ་བཅས་ལ་དེ་བས་སྟབས་བདེ་པོ་དང་མགྱོགས་པོའི་ཞབས་འདེགས་ཞུ་ཆེད།ཀྲུང་གོའི་དངུལ་ཁང་གིས་འཛམ་གླིང་ཡོངས་ལ་ཁེབས་ཚད་ཆེས་མཐོའི་ཞབས་འདེགས་དྲ་ཚིགས་དང་ཕུན་སུམ་ཚོགས་པོའི་རྒྱལ་ཕྱིའི་དངུལ་རྩ་ལས་དོན་གྱི་ཉམས་མྱོང་ལ་བརྟེན་ནས།མ་ལག་ཅན་དང་ཆེད་ལས་ཅན་གྱི་རྒྱལ་མཚམས་ལས་བརྒལ་བའི་ཞབས་འདེགས་མ་ལག་གི་ལས་སྟེགས་ཐོག  མཁོ་མཁན་རྣམས་ལ་ཀྲུང་གོ་དངུལ་ཁང་གི་ཕྱི་རྒྱལ་དུ་འགྲོ་བའི་ཞབས་འདེགསཁྱབ་སྤེལ་བཏང་བ་རེད།

        ཕྱི་རྒྱལ་དུ་འགྲོ་བའི་དངུལ་རྩའི་ཞབས་འདེགས་ལྟེ་གནས་ཀྱིས་ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་བ་དང་རྒྱལ་མཚམས་ལས་བརྒལ་ནས་ཚོང་རྒྱག་པ་དང་ཡུལ་སྐོར་གཏོང་བ།ཕྱི་རྒྱལ་ལ་མ་དངུལ་གཏོང་བ།གནས་སྤོ་བའི་ཡུལ་མི་བཅས་ལ་རྒྱལ་མཚམས་ལས་བརྒལ་བའི་དངུལ་རྩའི་ཆ་ཚང་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།