“ལོ་ལྔ་ཚན་བཅུ་གཉིས་པའི་”སྐབས་ཀྱི་བདེ་ཆེན་གྱི་ནགས་སྲུང་ཞིང་དོར་ལ་གྲུབ་འབྲས་ཐོབ་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ལོ་ལྔ་ཚན་བཅུ་གཉིས་པའི་སྐབས་སུ།ཁུལ་ཡོངས་ནགས་ལས་སྡེ་ཁག་གིས་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པའིའཕེལ་རྒྱས་བསམ་ཕྱོགས་ལ་གཞིགས་ནས།རྒྱུན་མཐུད་ཀྱིས་ནགས་སྲུང་དང་ཞིང་དོར་ནགས་སྤེལ་ལས་ཀར་བྱེད་ཤུགས་ཆེ་རུ་བཏང་སྟེ།ནགས་ཚལ་གྱི་སྣང་ཚུལ་ལེགས་སུ་གཏོང་བ་རེད།

      རང་བྱུང་ནགས་ཚལ་ཐུན་ཁོངས་ལ་སྲུང་སྐྱོང་བྱེད་པའི་ལས་གྲྭའི་ཐད། ཁུལ་ཡོངས་ཀྱིས་ནགས་ཚལ་དོ་དམ་དང་སྲུང་སྐྱོང་ལས་འགན་ཁྱོན་བསྡོམས་མུའུ་ཁྲི་2725.63གྱི་ལེགས་གྲུབ་བྱུང་བ་དང་།ཕྱོགས་ཡོངས་ནས་རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་གྲྭའི་སྤྱི་ཕན་ནགས་ཚལ་མུའུ་ཁྲི་50.5ལེགས་གྲུབ་བྱུང་བ།དེའི་ནང་མིའི་ཐབས་ཀྱིས་ནགས་ཚལ་མུའུ་ཁྲི་10.5བཟོས་པ་དང་། རི་རྒྱ་བསྡམས་ནས་ནགས་ཚལ་མུའུ་ཁྲི་40གསོ་བ།མ་དངུལ་སྒོར་ཁྲི་5950བཏང་བ་རེད།ནགས་ལས་སྤྱིལ་ཁྱིམ་གྱི་ལེགས་སྒྲིག་ལས་གྲྭ་ལེགས་གྲུབ་བྱུང་སྟེ།སྡོད་ཁང་364གསར་འཛུགས་བྱས་པ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཞོ་རྡོ་མཚོའི་དོ་དམ་སྲུང་སྐྱོང་ས་ཚིགས་དང་ཡང་ཐང་ནགས་ལས་བྱེད་ས།ཉི་ཤར་ནགས་ལས་བྱེད་སའི་དོ་དམ་སྲུང་སྐྱོང་ས་ཚིགས།འབའ་ལུང་རྫོང་འབའ་སྡེ་ནགས་ལས་བྱེད་ས་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལེགས་གྲུབ་བྱུང་བ།འབའ་ལུང་རྫོང་གི་ནགས་ལས་བྱེད་སའི་ཤིང་ཕྲུག་ར་བའི་འཛུགས་སྐྲུན་ལེགས་གྲུབ་བྱུང་བ།ཁུལ་ཡོངས་ཀྱིས་ནགས་སྲུང་ལས་གྲྭར་མ་དངུལ་སྒོར་ཁྲི་32686.19ལེགས་གྲུབ་བྱུང་བ་རེད།

      ཞིང་དོར་ནགས་སྤེལ་ལས་གྲྭའི་ཐད།ཁུལ་ཡོངས་ཀྱིས་ཞིང་དོར་ནགས་སྤེལ་དང་རི་རྒོད་ནགས་འཛུགས་ཀྱི་ལས་འགན་མུའུ་ཁྲི་2ལེགས་གྲུབ་བྱུང་བ།ཕྱོགས་ཡོངས་ནས་འབོར་ཐེངས་སྔོན་མའི་ཞིང་དོར་ནགས་སྤེལ་གྱི་དུས་རིམ་རང་བཞིན་གྱི་ཞིབ་བཤེར་རྩིས་ལེན་ལེགས་གྲུབ་བྱུང་བ།ཞིང་དོར་ནགས་སྤེལ་མུའུ་ཁྲི་15.576གི་རྒྱ་ཁྱོན་ཡོངས་སྲིད་ཇུས་ཁ་གསབ་ནང་འཇུག་པ།ལོ་ལྔའི་རིང་ཞིང་དོར་ནགས་སྤེལ་གྱི་ཁ་གསབ་མ་དངུལ་སྒོར་ཁྲི་11036.55བཏང་བ།ཞིང་གྲོང་ནུས་ཁུངས་འཛུགས་སྐྲུན་ནང་རྫབ་རླངས་རྫིབ་བུ་500དང་ཤིང་བསྲི་ཐབ་ཆས་200ཉི་ནུས་འཕྲུལ་ཆས་7401་བཅས་ལེགས་གྲུབ་བྱུང་བ།སྐྱེ་ཁམས་ལ་བརྟེན་ནས་མི་737སྤོས་བ་དང་ལག་རྩལ་མི་སྣ་11616གསོ་སྦྱོང་བྱས་པ།རྗེས་མཐུད་ཀྱི་ཐོན་ལས་འདེབས་འཛུགས་ལས་རིགས་མུའུ་ཁྲི་18.81དང་སྣོན་འཛུགས་མུའུ་ཁྲི་3.25བྱས་ཤིང་།མ་དངུལ་སྒོར་ཁྲི་3600བཏང་བ།འབོར་ཐེངས་གསར་པའི་ཞིང་དོར་ནགས་སྤེལ་ལས་འགན་མུའུ་ཁྲི་4.5ལེགས་གྲུབ་བྱུང་བ་དང་མ་དངུལ་སྒོར་ཁྲི་3600བཏང་བ།རི་ཞིང་གི་སྐྱེ་ཁམས་ལེགས་བཅོས་ལས་འགན་མུའུ་ཁྲི་8ལེགས་གྲུབ་བྱུང་བ་དང་མ་དངུལ་སྒོར་ཁྲི་2000བཏང་བ་རེད།