2015ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ས་གནས་ཀྱི་སྤྱིའི་ཐོན་ཚད་རིན་ཐང་སྒོར་དུར་ཕྱུར་བརྒྱ་ལས་བརྒལ་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། 2015ལོར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དཔལ་འབྱོར་ལ་བརྟན་ཐོག་འཕར་བའི་གནས་ཚུལ་བྱུང་བ་དང་དཔལ་འབྱོར་གཙོ་བོའི་དམིགས་ཚད་ལ་བརྟན་ཐོག་འཕར་བ་མངོན་འགྱུར་བྱུང་སྟེ།“ལོ་ལྔ་ཚན་བཅུ་གཉིས་པའི་”འཆར་འགོད་ཀྱི་དམིགས་འབེན་ལས་འགན་ལེགས་གྲུབ་བྱུང་བ་རེད།

         2015ལོར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་བརྟན་ཐོག་འཕར་བའི་ལས་ཀའི་སྤྱིའི་ནང་དོན་ལྟེ་བ་རྒྱུན་འཁྱོངས་བྱས་པ་དང་།དཔལ་འབྱོར་གྱི་སྤུས་ཚད་དང་ཕན་ནུས་མཐོ་རུ་གཏོང་བ་ལྟེ་གནས་སུ་འཇུག་པ་རྒྱུན་འཁྱོངས་བྱས་པ།ཚན་རིག་དང་མཐུན་པའི་ངང་ངོས་འཛིན་བྱས་པ།རང་འགུལ་གྱིས་མཉམ་ལས་བྱས་པ།ཧུར་ཐག་གིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་ཚུལ་གསར་པ་ལ་སྣེ་ཁྲིད་བྱས་པ།བྱེད་སྟངས་བསྒྱུར་བ་དང་སྒྲིག་གཞི་ལེགས་སྒྲིག་བྱེད་པ་དེ་བས་རྩ་ཆེའི་ལས་གནས་སུ་བཞག་པ།ནན་ཏན་གྱིས་རྣམ་གྲངས་མ་འཇོག་དང་མཐོ་སྒང་ཁྱད་ཆོས་ཀྱི་ཞིང་ལས།བཟོ་ལས་འཕེལ་རྒྱས།གྲོང་ཁྱེར་འཛུགས་སྐྲུན།ཚོང་དང་མ་རྩ་འདྲེན་འགུགས།ལྡུམ་རའི་འཛུགས་སྐྲུན།དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ་སོགས་ཀྱི་ལས་ཀ་ཁག་དམ་འཛིན་བྱས་ནས།གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ལ་བརྟན་ཐོག་འཕར་བའི་གནས་ཚུལ་མངོན་ཡོད།

        2015ལོར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ས་གནས་ཀྱི་སྤྱིའི་ཐོན་ཚད་རིང་ཐང་སྔོན་རྩིས་ལྟར་ན་སྒོར་དུང་ཕྱུར་100.9ལེགས་གྲུབ་བྱུང་སྟེ་དུས་མཉམ་ལས་9%འཕར་བ་དང་།རྒྱ་ཁྱོན་ཡན་གྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྔོན་རྩིས་ལྟར་ན་སྒོར་དུང་ཕྱུར་147.2ལེགས་གྲུབ་བྱུང་སྟེ་དུས་མཉམ་ལས་18%འཕར་བ།གྲོང་ཁྱེར་ནང་ཁོངས་ས་གནས་ཀྱི་སྤྱིའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་11.17ལེགས་གྲུབ་བྱུང་སྟེ་དུས་མཉམ་ལས་12%འཕར་བ།གྲོང་ཁྱེར་རིམ་པའི་ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་5.4ལེགས་གྲུབ་བྱུང་སྟེ་དུས་མཉམ་ལས་8%འཕར་བ།སྤྱི་ཚོགས་འཛད་སྤྱོད་སྲིད་ཚོང་གི་སྤྱི་གྲངས་སྔོན་རྩིས་ལྟར་ན་སྒོར་དུང་ཕྱུར་30.6ལེགས་གྲུབ་བྱུང་སྟེ་དུས་མཉམ་ལས་10%འཕར་བ།གྲོང་རྡལ་དང་གྲོང་ཁྱེར་གྱི་རྒྱུན་སྡོད་མང་ཚོགས་མི་རེའི་འགྲོ་སྒོར་གཏོང་ཐུབ་པའི་ཡོང་འབབ་སྔོན་རྩིས་ལྟར་ན་སྒོར་28200ལེགས་གྲུབ་བྱུང་སྟེ་དུས་མཉམ་ལས་11%འཕར་བ།ཞིང་གྲོང་གི་རྒྱུན་སྡོད་མང་ཚོགས་ཀྱི་མི་རེའི་འགྲོ་སྒོར་གཏོང་ཐུབ་པའི་ཡོང་འབབ་སྔོན་རྩིས་ལྟར་ན་སྒོར་6811ལེགས་གྲུབ་བྱུང་སྟེ་དུས་མཉམ་ལས་15%འཕར་བ་རེད།

        ཐོན་ལས་སྒྲིག་གཞིའི་ཐད་ནས་བལྟས་ན།ཐོན་ལས་དང་པོས་ཞིང་ལས་ཀྱི་སྤྱིའི་ཐོན་ཚད་རིང་ཐང་སྒོར་དུང་ཕྱུར་7.35ལེགས་གྲུབ་བྱུང་བ་དང་འཕར་གྲངས་སྒོར་དུར་ཕྱུར་4.22མངོན་གྱུར་བྱུང་སྟེ་དུས་མཉམ་ལས་6.2%འཕར་བ།ཐོན་ལས་གཉིས་པས་བཟོ་ལས་ཀྱི་སྤྱིའི་ཐོན་ཚད་རིང་ཐང་སྒོར་དུང་ཕྱུར་38.68ལེགས་གྲུབ་བྱུང་བ་དང་འཕར་གྲངས་སྒོར་དུང་ཕྱུར་36.74མངོན་གྱུར་བྱུང་སྟེ་དུས་མཉམ་ལས་11.5%འཕར་བ།ཐོན་ལས་གསུམ་པས་ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་1240སྣེ་ལེན་བྱས་ཏེ་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་110མངོན་གྱུར་བྱུང་སྟེ།དུས་མཉམ་ལས་24%འཕར་བ་རེད།

        2015ལོར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྲ་བརྟན་འགྱུར་མེད་ཀྱིས་རྣམ་གྲངས་ཀྱིས་མ་འཇོག་ལ་སྐུལ་ཁྲིད་གཏོང་བའི་ཐབས་ཇུས་ལག་ལེན་བྱས་པ་དང་།གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས་145སྒྲིག་འཛུགས་དང་ལག་ལེན་བྱས་པས།སྔོན་རྩིས་ལྟར་ན་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར་147.2ལེགས་གྲུབ་བྱུང་སྟེ།དུས་མཉམ་ལས་18%འཕར་ཞིང་།གྲོང་ཁྱེར་ཡོངས་ཀྱི་རྣམ་གྲངས་ཀྱི་དོ་དམ་ཆུ་ཚད་རྒྱུན་མཐུད་ཀྱིས་མཐོ་རུ་བཏང་བ་རེད།