བདེ་ཆེན་ཁུལ་གྱིས་དཔྱིད་གསར་སྐྱེལ་འདྲེན་སྐབས་ཀྱི་བདེ་འཇགས་ལ་འགན་སྲུང་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་1པོའི་ཚེས་24ཉིན་ནས་བདེ་ཆེན་གྱིས་དཔྱིད་གསར་སྐྱེལ་འདྲེན་ལས་ཀ་བྱེད་འགོ་བརྩམས་ཏེ།རང་ཁུལ་འགྲུལ་སྐྱེལ་སྡེ་ཁག་གི་ལས་བྱེད་མི་སྣ་ཚང་མས་ལས་གནས་བརྟན་སྲུང་བྱས་པ་དང་ཕྱོགས་ཡོངས་ནས་རླངས་འཁོར་གྱི་བདེ་འཇགས་ལ་འགན་སྲུང་བྱས་པ་དང་།ཞབས་འདེགས་ཡག་པོ་བཅས་བྱས་ནས།འགྲུལ་པ་ཚང་མའི་འགྲོ་ལམ་ཐོག་བདེ་འཇགས་ཡོང་བར་ཁག་ཐེག་བྱས་ཡོད།

         ཤེས་གསལ་བྱུང་དོན།ཟླ་1པོའི་ཚེས་24ཉིན་ནས་ཚེས་26ཉིན་ཏེ་དཔྱིད་གསར་སྐྱེལ་འདྲེན་སྐབས་ཀྱི་སྔོན་མའི་ཉིན་གསུམ་ནང་།སེམས་ཀྱི་ཉི་ཟླ་འགྲུལ་སྐྱེལ་ས་ཚིགས་ཀྱིས་རླངས་འཁོར་ཐེངས་70ལྷག་བཏང་བ་དང་།བདེ་འཇགས་ངང་འགྲུལ་པ་མི་ཐེངས་1300ལྷག་སྐྱེལ་འདྲེན་བྱས་ཏེ།བདེ་འཇགས་ཀྱི་གྱོད་དོན་དྲག་པོ་བྱུང་མེད་པ་དང་འགྲུལ་པས་ཞུ་གཏུག་གནས་ཚུལ་ཀྱང་བྱུང་མེད།གཞན་ཡང་།ཟླ་1པོའི་ཚེས་23ཉིན།སྐྱེལ་འདྲེན་བྱས་པའི་འགྲུལ་པ་མི་ཐེངས་1400ལྷག་ཟིན་ཏེ།དཔྱད་གསར་སྐྱེལ་འདྲེན་སྐབས་སྔོན་ལ་ཡུལ་སྐོར་བ་སྐྱེལ་འདྲེན་བྱས་མང་བའི་ཉིན་གཅིག་ཡིན་པ་རེད།

        སེམས་ཀྱི་ཉི་ཟླ་འགྲུལ་སྐྱེལ་འགན་འཁུར་བ་ལི་ཧྲུན་ཞིས་མཚམས་སྦྱོར་བྱས་པ་ལྟར་ན།དཔྱིད་གསར་སྐྱེལ་འདྲེན་སྐབས་ཀྱི་འགྲིམ་འགྲུལ་བདེ་འཇགས་ལ་ཁག་ཐེག་བྱེད་ཆེད།ཀུང་སི་འདིས་དུས་ཐོག་ཏུ་ལས་ཀའི་ཇུས་གཞི་ལག་ལེན་བྱེད་འགོ་ཚུགས་པ་དང་འགྲུལ་སྐྱེལ་རླངས་འཁོར་གྱི་སྒྲིག་ཆས་ལ་ཕྱོགས་ཡོངས་ཀྱིས་བདེ་འཇགས་ཞིབ་བཤེར་བྱས་ཏེ།དུས་ཐོག་ཏུ་གནས་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བ།རླངས་འཁོར་གཏོང་མཁན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་དང་།དཔྱིད་གསར་སྐྱེལ་འདྲེན་སྐབས་ཀྱི་སློབ་གསོ་དང་གསོ་སྦྱོང་བྱེད་སྒོ་བསྡུས་ཏེ།བདེ་འཇགས་སེམས་གཏིང་དུ་འཇོག་ཡོད།བདེ་འཇགས་ཀྱི་ཞིབ་བཤེར་ལས་ཀར་བྱེད་ཤུགས་ཆེ་རུ་བཏང་བ་དང་ཤོག་སྦག་སོགས་ཉེས་ཡོད་དངོས་རྫས་རླངས་འཁོར་ཐོག་འཁྱེར་བར་བཀག་འགོག་བྱས་ཏེ།འགྲུལ་པའི་བདེ་འཇགས་ལ་ཁག་ཐེག་བྱས་ཡོད།ཧུར་ཐག་གིས་དཔྱིད་གསར་སྐྱེལ་འདྲེན་སྐབས་ལ་སེམས་ཀྱི་ཉི་ཟླའི་དགུན་ཁའི་ཁ་ཆར་གནམ་གཤིས་ནས་བྱུང་བའི་འགྲོ་ལམ་བཀག་པའི་གནས་ཚུལ་ཐག་གཅོད་བྱེད་ཆེད།ཀུང་སི་འདིས་ཆེད་དམིགས་ཀྱི་སྐྱེལ་འདྲེན་རླངས་འཁོར་10འཐེན་སྐོང་བྱས་ནས་མཁོ་བསྟུན་གསོག་འཇོག་རླངས་འཁོར་དུ་སྤྱོད་དེ།གླུ་བུར་དུ་བྱུང་བའི་གནས་ཚུལ་བྱུང་དུས་ཐོག་ཏུ་འགྲུལ་པ་སྐྱེལ་འདྲེན་ཐུབ་པར་ཁག་ཐེག་བྱས་པ་རེད།