རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། དུས་རྒྱུན་དུ་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དང་སུམ་རྩེན་གླིང་སོགས་བདེ་ཆེན་གྱི་ལྗོངས་ཁུལ་ནས་བོད་རིགས་ཀྱི་དམངས་ཁྲོད་རིག་གནས་འགྲེལ་བཤད་རྒྱག་བཞིན་པའི་ཡུལ་སྐོར་སྣེ་ཤན་གྱིས་ཡུལ་སྐོར་བ་ལ་བདེ་ཆེན་གྱི་རིག་གནས་སྟོན་པའི་གནས་ཚུལ་མཐོང་ཐུབ་པ་རེད།ཉེ་བའི་ལོ་འགའི་རིང་།བདེ་ཆེན་ཁུལ་གྱིས་རྒྱུན་མཐུད་ངང་ཡུལ་སྐོར་ལས་རིགས་ཀྱི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་།ཡུལ་སྐོར་ལས་བྱེད་མི་སྣའི་བྱང་ཚད་མཐོ་རུ་བཏང་སྟེ།བདེ་ཆེན་གྱི་རྣམ་པ་གསར་བ་ཡུལ་སྐོར་བ་རྣམ་ལ་འགྲེམ་སྟོན་བྱས་ཡོད་པ་རེད།
ཐོག་མཐའ་བར་གསུམ་དུ།བདེ་ཆེན་གྱིས་ “བདེ་ཆེན་ནི་སྐྱེ་ཁམས་ཡག་ཤོས་དང་ཁོར་ཡུག་ཡག་ཤོསའཆམ་མཐུན་ངང་འཕེལ་རྒྱས་གཏོང་བ།སྤུས་རྟགས་ཡུན་རིང་ལྡན་པའི་འཛམ་གླིང་རིམ་པའི་སྤུས་ལེགས་ཀྱི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་དང་ཀྲུང་གོའི་བོད་ཁུལ་ནང་ཁྱད་ཆོས་ཡག་ཤོས་ལྡན་པའི་རྒྱལ་སྤྱིའི་ཡུལ་སྐོར་གནས་མཆོག་”གི་འཕེལ་རྒྱས་བསམ་ཕྱོགས་ལ་གཞིགས་ནས།རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་དང་ཡུལ་སྐོར་བྲིན་སྐུལ་གྱི་བྱེད་ཤུགས་ཆེ་རུ་གཏོང་བའི་དུས་མཚུངས་སུ།ཡུལ་སྐོར་ལས་བྱེད་མི་སྣའི་བྱང་ཚད་མཐོ་རུ་གཏོང་བ་དང་།ཡུལ་སྐོར་འཕེལ་རྒྱས་ནི་གནད་ཆེའི་ལས་གནས་སུ་བཞན་ཡོད་དེ།གཅིག་ནས་ཡུལ་སྐོར་སྣེ་ཤན་གྱི་ལོ་བཤེར་དང་རིམ་པའི་བསྐྱར་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས།2015ལོར་ཡུལ་སྐོར་སྣེ་ཤན་1000ལྷག་ལ་ལོ་བཤེར་དང་རིམ་པའི་བསྐྱར་བཤེར་བྱས་པ།གཉིན་ནས་སྔར་ལས་ལྷག་པར་ཡུལ་སྐོར་ལས་རིགས་ཀྱི་གཙོ་སྒྲུབ་སྡེ་ཁག་ལ་ལས་དོན་གྱི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས།རྒྱུན་མཐུད་ཀྱིས་ཡུལ་སྐོར་ལས་བྱེད་མི་སྣའི་ལས་དོན་བྱང་ཚད་མཐོ་རུ་བཏང་བ།གསུམ་ནས་ཁེ་ལས་ལས་བྱེད་མི་སྣར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས།ཁེ་ལས་ཀྱི་ཞབས་འདེགས་མི་སྣའི་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བ།བཞི་ནས་2015ལོའི་བདེ་ཆེན་ཡུལ་སྐོར་སྣེ་ཤན་གྱི་བརྗིད་ཉམས་འགྲན་བསྡུར་བསྡུས་ནས།སྔར་ལས་ལྷག་པར་ཡུལ་སྐོར་སྣེ་ཤན་གྱི་སྤྱི་ཁོག་བྱང་ཚད་མཐོ་རུ་གཏོང་བ་དང་ཡུལ་སྐོར་སྣེ་ཤན་གྱི་བསམ་པའི་རྣམ་པ་འགྲེམ་སྟོན་བྱས་པ།ལྔ་ནས་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་མི་དོན་ཁྲུའུ་ཡིས་འཇོལ་རྫོང་གི་ཡུལ་སྐོར་ལས་བྱེད་མི་སྣར་གསོ་སྦྱོང་བྱས་པར་གདན་འདྲེན་བྱས་པ།དྲུག་ནས་ཕྱོགས་ཡོངས་ཀྱིས་2016ལོ་འཁོར་གྱི་རྒྱལ་ཡོངས་ཡུལ་སྐོར་སྣེ་ཤན་གྱི་ཐོབ་ཐང་རྒྱུགས་ལེན་གྱི་ལས་ཀ་ཁག་ལ་ལེགས་གྲུབ་བྱུང་བ་རེད།